࿑སློབ་གྲྭ་གྲོལ་བཞག་ཐལ།
“ཨ་ཅ།སློབ་ཆེན་གྱི་འཚོ་བ་ཟེར་ན་ཅི་འདྲ་ཟིག་ཡིན་ནི་རེད།”འདི་ནི་སློབ་ཆུང་སློབ་མའི་དྲི་བ་ཉག་གཅིག་རེད།འདྲི་དོན་དང་རེ་སྨོན་བྱེད་དོན་དེའང་རང་སློབ་ཆུང་ཡིན་དུས་དང་ཨ་ན་མ་ན་རེད།---ཚོགས་ཐུན་ཉུང་ནི་རེད་ཟེར་ཀ སྐྱིད་ཀ

࿑ གྲྭ་ཀྱང་གི་ཁེར་ལབ།

ཕ་མ་ཕ་ཡུལ་དང་བྲལ་རྒྱང་དུ་ཕྱིན།།
ཤེས་བྱའི་རྒྱ་མཚོ་དང་འདྲ་གྲྭ་སར་སླེབས།།
ལེ་ལོའི་དགྲ་བོས་གྲྭ་ཆུང་བཙོན་ལ་བཅུག།
ཐོག་མའི་ཕུགས་བསམ་རེ་བའི་ཁྲོད་ནས་བརླག།

ཆོས་མཐུན་གྲོགས་ཀྱི་མཁྱེན་རྒྱ་མཁའ་ལྟར་ཡངས།།
ཞེ་སྡང་དྲགས་པོ་ཆོས་མཐུན་གྲོགས་ལ་ཤོར།།
ཉོན་མོངས་དྲག་ཏུ་འཕེལ་བའི་གྲྭ་ཆུང་ང་།།
མི་དགེའི་ལམ་ནས་སུ་ཡིས་སྐྱོབ་ནུས་བསམ།།

ཡིག་ཚོགས་ཁྲོད་ན་རྨོངས་པའི་གྲྭ་ཆུང་ང་།།
ན་བུན་ཁྲོད་ན་ལུས་པའི་ལུ་གུ་བཞིན།།
མདུན་དུ་སྐྱོད་པའི་ལམ་ཁ་མ་རྙེད་པས།།
མ་མ་དང་འདྲའི་བླ་མ་གང་ན་ཞུགས།

རྨོངས་པའི་གྲྭ་ཆུང་དབེན་པའི་རི་ལ་གནས།།
རྟོག་པ་གཡེར་ཅན་འདུ་ཚོགས་གྲོང་ལ་ཤོར།།
ཉོན་མོངས་རྔོན་པའི་འཁོར་བའི་སྙི་ལ་ཐེབས།།
ཉམས་ཆུང་གྲྭ་པ་སུ་ཡིས་སྐྱོབ་ནུས་སམ།།

རྟ་བདུན་འོད་ཟེར་གླིང་ཆེན་འདི་རུ་ཁྱབ།།
བྲག་ཕུག་བྱང་ལྟ་མུན་པའི་ཁྲོད་དུ་ཡིབ།།
བླ་མའི་མཛད་འཕྲིན་ས་ཆེན་འདི་ན་ཁྱབ།།
གྲྭ་ཆུང་ཡ་མཚན་ལེ་ལོའི་ཁྲོད་དུ་ཡིབ།།

ཆོས་མཐུན་གྲོགས་ཀྱི་ཆོས་སྒྲ་འུར་ཐིང་ཐིང་།།
མི་མཐུན་གྲྭ་ཆུང་སྔུར་སྒྲས་འུར་ཐིང་ཐིང་།།
ཚུལ་མཐུན་གྲྭ་པ་བརྩོན་འགྲུས་མེ་འབར་འབར།།
མི་མཐུན་གྲྭ་ཆུང་འདོད་ཆགས་མེ་འབར་འབར།།

——————མཆུ་ཏོ་སྨྱོན་པས


གདུང་རྒྱུད་མགོན་གསུམ་ཁམས་གསུམ་ཟིལ་གནོན་གྱི།།
ཐབས་ཀྱིས་བསྐྱངས་པའི་མངའ་རིས་མང་ཡུལ་དེ།།
བཙན་པོའི་རྟ་དམག་འབུམ་གྱི་ཧྲག་སྒྲ་ལྡིར།།
དབྱངས་དང་གསལ་བྱེད་གཉིས་ཀྱི་འཁོར་ལོ་འཁོར།།
སྐྱེས་ཆེན་གསེར་རིའི་ཕྲེང་བ་འདུ་སའི་གནས།།
རྣམ་པར་རྒྱལ་བའི་གླིང་དེ་ཨེ་མ་རྨད།།
#མངའ་རིས་མང་ཡུལ་ལ་དྭགས།# https://t.cn/Rp7W8xr


发布     👍 0 举报 写留言 🖊   
✋热门推荐
  • 华为回应停止社招:没有停止向社会招聘
  • 西游记改编电影 《齐天小太子《西游记》
  • 美国又现炸弹包裹 奥巴马曾收到炸弹
  • 成雅高速车祸,官方通报:当事车涉嫌超员非法营运
  • “网瘾中心再次传出小孩惨叫”?临沂官方回应时间地点人物经过
  • 语文教材拼音出错 网友:这是误人子弟
  • 日本首相安倍晋三将访华
  • 福布斯发布中国400富豪榜,马云回归榜首
  • 乘客被拉至墓园”事件司机致歉 希望获得谅解
  • 围观 | 普京见博尔顿调侃美国国徽:老鹰把橄榄枝吃了?
  • 本周五起,广州地铁能刷脸安检!三号线最挤的这些站先试点
  • 杨超越抓老鼠,别叫锦鲤了,猫系女汉子了解一下!
  • 唐嫣罗晋婚礼场地疑曝光,尖顶教堂满满童话风,伴娘是刘天仙?
  • 张馨予大婚,余生,嫁一个让你安心的男人,才叫爱情
  • 阿里、京东、华为停止社招?互联网就业寒冬来了?
  • 六小龄童打假高仿 西游记改编电影
  • 女子校园被猥亵,警方通报:违法人员已抓获
  • 询问成绩被说有病,学校回应了
  • 亲戚魔鬼式催婚什么梗?女子被催婚后做了这件事网友怒赞
  • 一人独享16亿美元(约111亿元),世界彩票史上最大中奖金额!