དཔལ་རི་བོ་དགེ་ལུགས་པའི་དགོན་པ་ཐམས་ཅད་ཀྱི་ཆུ་འགོའམ་མ་དགོན་ཏེ་#འབྲོག་རི་བོ་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་# ནི། རྗེ་ཚོང་ཁ་ཆེན་པོ་བོད་རབ་བྱུང་བདུན་པའི་ས་གླང་ 1409 ལོར་ཕྱག་བཏབ་གནངས། རིམ་གྱིས་དེར་སློབ་དཔོན་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་དང་དགེ་འདུན་པ་ལྔ་བརྒྱ་ལྷག་ཕེབས། ནང་གསེས་ཀྱི་གྲྭ་ཚང་ཡང་གཉིས་ཏེ་ཤར་རྩེ་གྲྭ་ཚང་དང་ནུབ་རྩེ་གྲྭ་ཚང་གཉིས་ཡོད། དེ་ལའང་ནང་གསེས་སུ་ཁང་ཚན་མང་པོ་ཡོད། རབ་བྱུང་བཅུ་གཅིག་པའི་སྐབས་དགེ་འདུན་ཆིག་སྟོང་ལྷག་དང་དམངས་གཙོ་བཅོས་བསྒྱུར་གོང་དུ་བཞི་སྟོང་ལྷག་ཙམ་ཡོད་འདུག ལོ་རབས་སྔོན་མའི་ནང་དགོན་འདིའི་ཕྱི་ནང་ཐམས་ཅད་ལ་གོད་ཆགས་ཚབས་ཆེན་འཐེབ་ཀྱང་། ཕྱིས་སུ་དད་འབངས་ཡོངས་ཀྱི་ཞབས་ཞུ་དང་རྒྱབ་སྐྱོར་བསྟེན། འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྟེན་བརྟེན་པ་དང་བཅས་ཕྱི་ནང་གཉིས་ཀ་བསྐྱར་གསོ་ལེགས་པ་གྲུབ། འདི་ལས་གྱེས་པའི་དགོན་པའང་མདོ་དབུས་ཁམས་གསུམ་དང་སོག་རྒྱ་བཅས་ཡུལ་གྲུ་ཀུན་ལ་རྒྱས་སོ།།
甘丹寺 #甘丹寺##尖单瓦[超话]#

མདུན་ལམ

མདུན་ལམ་ཞེས་པ་དེས་ང་རང་ཁེར་རྐྱང་དུ་བཏང
རོལ་རྩེད་ཐེངས་གཅིག་ཀྱང་རྩེད་དབང་མ་སྤྲད
ཐ་ན་གཉིད་ཀྱང་བཅག
འདང་རྒྱག་ཐེངས་རེ་རེར
ཅོ་ཏོ་ལ་སེ་ཐིག་དུ་མ་ངང་གིས་བབས

མདུན་ལམ་ཞེས་པ་དེས་ང་རང་དཔེ་ཆ་ཧྲིལ་པོ་འགའ་ལས་ཐར་དུ་མ་བཅུག
ངས་མཐོང་བ་ནི་འགྱུར་བཞིན་པའི་འདུ་ཤེས
རྒུད་བཞིན་པའི་དཔའ་མཛངས
ཉམས་བཞིན་པའི་ཕ་སྐད་རེད་བཞག

ང་ངོ་མ་སྐྲག་གི
ང་ངོ་མ་སྐྲག་གི
ཁྱོད་ལ་འཇིགས་སྐྲག་རེ་མི་འབྱུང་ངམ
ཁྱོད་ལ་འཇིགས་སྐྲག་རེ་མི་འབྱུང་ངམ

ཀྲུང་གོ་དང་ཕྱི་རྒྱལ་གཉིས་ཀྱི་བསམ་བློའི་ཧེ་བག

___ཨ་དཀོན་སྤྲུལ་སྐུའི་བཀའ་སློབ།


ང་རེད་བསྡད་ཡོད་བསམ་པ་ཞིག་དང་། ང་ལ་རྒྱུ་ཡོད་བསམ་པ་ཞིག །དེས་ཁོར་ཡུག་ཚང་མ་བཙོག་པ་བཟོ་བ་དང་གཏོར་བཤིགས་གཏོང་གི་ཡོད་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན་ན་རང་གི་བུ་རྒྱུད་ཀྱི་ག་རེ་ཟ་དགོས་འདུག །དེའི་སྐབས་ལ་ག་རེ་དགོས་ཀྱི་འདུག །དེའི་བུ་རྒྱུད་ལ་ག་རེ་ཟ་བསམ་བློ་དེ་གཏོང་ཤེས་དགོས་འདུག །དེ་མ་གཏོགས་ང་རེད་བསྡད་ཡོད་བསམ་པ་དེ་འགྲིག་གི་ཡོད་མ་རེད། ང་འགྲིག་བསྡད་ཡོད་བསམ་པ་དེས་ང་ཚོ་ལ་ད་ལྟ་གནོད་སྐྱོན་ཆེན་པོ་ཞིག་ཡོང་གི་ཡོད་རེད། འཛམ་བུ་གླིང་ན་ང་རེད་བསྡད་ཡོད་བསམ་པ་དེས་གནོད་སྐྱོན་ཆེན་པོ་ཞིག་ཡོང་གི་ཡོད་རེད།

ཀྲུང་གོ་དང་ཕྱིའི་ཁབ་གཉིས་ལ་བསམ་བློ་གཏོང་ལུགས་ཁྱད་པར་ཆེན་པོ་ཞིག་ཡོད་རེད། བསམ་བློ་གཏོང་ལུགས་ཀྱི་ཁྱད་པར་ག་རེ་ཡོད་རེད་ཟེར་ན། ཀྲུང་གོ་ལ་ད་ལྟ། བུ་རྒྱུད་གཅིག་མ་གཏོགས་སྤུ་གུ་གཉིས་ཡོད་དར་མ་རེད། ད་ལྟ་མང་ཆེ་ཤོས་ལོ་སུམ་ཅུ་ཅན་གྱི་མི་དེ་ཚོ་བུ་རྒྱུད་གཅིག་མ་གཏོགས་མེད་པའི་མི་དེ་རེད་བསྡད་ཡོད་རེད་བ། ད་དེ་རེད་ཚར་དུས། སྤུན་ཡ་ཟེར་རྒྱུ་ཞིག་དང་སྲིང་མོ་ཟེེར་རྒྱུ་ཅན་ཞིག་མེད་ཚར་དུས། རང་ལ་རྩེད་ཆས་ཤིག་ཡོད་ཀྱང་རང་གི་རེད་བ། རང་འགྲིག་ན་འགྲིག་བསྡད་ཡོད་རེད་བ། ང་སྤུ་གུ་གཅིག་མ་གཏོགས་མེད་ཅི་ཡིན་ནའང་བཟོ་དགོས། སྤུ་གུ་དེས་ཕ་མ་ལ་སྙད་བརྐོ་ཡི་རེད། རྒྱག་རེས་རྒྱག་གི་རེད། ཅི་ཡིན་ནའང་བཟོ་ཡི་རེད། ད་ང་ལ་བུ་རྒྱུད་གཅིག་མ་གཏོགས་མེད། སྤུ་གུ་འདིས་ཡོན་ཏན་ཆ་ཚང་ཤེས་དགོས་བསམ་པའི་རྙོག་དྲ་གཅིག་ཡོད་རེད། རྩེད་མོ་རྩེ་ཤེས་དགོས། གླུ་ལེན་ཤེས་དགོས། ད་ལྟ་སྤུ་གུ་ཁ་ཤས་རྒྱ་ནག་ནས་ལོ་གཉིས་གསུམ་ལོན་དུས་ནས། ཕར་ཀ་ན་བྲོ་རྡུང་བཅུག་གི་འདུག་བ། དཔེར་ན་གོམ་པ་བརྒྱག་བཅུག་གི་འདུག་བ། སུ་མགྱོགས་ཀྱི་འདུག །སུ་ཁ་བདེ་ཡི་འདུག །སྤུ་གུ་ལོ་གཉིས་རེ་གསུམ་རེ་རེད་དུས་ནས་ཕར་ཀ་འགྲན་བསྡུར་བྱེད་བཅུག་གི་ཡོད་རེད། ས་འགྲན་བསྡུར་རང་གིས་མི་ཚེ་དེ་ཆོད་དགོས་ཀྱི་ཡོད་རེད་བ། དེ་ནས་དེ་ཡིན་ཚར་དུས། ད་སྤུ་གུ་དེ་ཡར་འཚར་ཡོང་དུས་ང་རེད་བསྡད་ཡོད་ན་ངའི་རྒྱལ་ཁབ་དེ་རེད་བསྡད་ཡོད་མ་གཏོགས། ངའི་ཕ་མ་དེ་ལ་བསམ་བློ་ཡོད་མ་རེད། ངའི་ཕྱི་རྒྱལ་རྒྱལ་ཁབ་བསམ་བློ་དེ་ཡོད་མ་རེད། ང་ཚོའི་རྒྱལ་ཁབ་དེ་རེད་བསྡད་ཡོད་ན་འགྲིག་བསམ་པ་ཅན་ཞིག་དང་། ང་ཕྱུག་པོ་རེད་བསྡད་ཡོད་ན་འགྲིག་བསམ་པ་ཅན་ཞིག་ཡོད་རེད།

སྔོན་མ། རྒྱ་གར་གྱི་ཨན་ཌ་གན་དྷིས་གསལ་པོ་བྱས་ནས་ལབ་ཡོད་རེད། རྒྱ་གར་ལ་མི་འབོར་དེ་དཔེ་མང་པོ་ཅན་ཞིག་རེད་འགྲོ་ཡི་འདུག །ཡིན་ན་ཡང་། སྤུ་གུ་གཉིས་མེད་ན་ང་ཚོ་མ་འོངས་པ་ལ་མི་དམངས་ཀྱི་བསམ་བློ་དེ་ཁ་ཁ་ཡོང་འགྲོ་ས་རེད་ཟེར།ང་མ་གཏོགས་བསམ་རྒྱུ་མེད་པ། ང་རེད་བསྡད་ཡོད་ན་འགྲིག་བསམ་མ་གཏོགས་གཞན་ལ་གྲོས་བསྡུར་བཟོ་རྒྱུ་ཡི་བསམ་པ་དེ་མེད་པ། གཞན་ལ་བགོ་བཤའ་རྒྱག་རྒྱུ་ཡི་བསམ་པ་དེ་མེད་པ་ཅན་ཞིག །ང་མ་གཏོགས་བསམ་རྒྱུ་མེད་པ། སྤུ་གུ་དེ་སྐྱེས་ནས་བཟུང་ང་མ་གཏོགས་མེད་སོང་རེད། དེ་ཡི་སྐྱོན་དེ་ཡིས་ཉིན་མཚན་མེད་ལ། སློབ་གྲྭ་ནང་དུ་ཧ་ལམ་མཚན་མོ་ཉལ་ན་འང་ཆུ་ཚོད་ཁ་ཤས་ཤིག་མ་གཏོགས་གཉིད་མི་བཅུག་ནས། ད་སྦུད་ཅག་རྒྱག་འདུག་གི་ཡོད་རེད་བ། ཁྱོད་ཡར་ལོངས། ཁྱོས་འགྲན་བསྡུར་བཟོ་དགོས། སང་ཉིན་རྩེད་མོ་རྩེ་ས་ལ་ཁྱོད་སླེབ་དགོས། གནང་ཉིན་རྒྱན་འཇོག་སར་ཁྱོད་སླེབ་དགོས། ཕ་མ་ལ་སྤུ་གུ་གཅིག་མ་གཏོགས་མེད་ཚར་དུས། སྤུ་གུ་ལྔ་དྲུག་ཙམ་གྱི་སྐལ་བ་དེ་སྤུ་གུ་གཅིག་དེས་ཤེས་དགོས་རེད་བ། སྤུ་གུ་གཅིག་གིས་ཤེས་དགོས་དུས།སྤུ་གུ་གཅིག་དེ་ཁོ་ཡང་མི་ཞིག་ལ་གྲུབ་བསྡད་དུས། ཕ་མ་ཡི་རེ་བ་ཆ་ཚང་དེ་བསྐང་ཐུབ་ཀྱི་མ་རེད། དེ་ནས་ཕ་མས་ཀྱང་གཅིག་མ་གཏོགས་གསོ་རྒྱུ་མེད་དུས། གོས་ཀྱི་རྩེས་གཡོགས་ཟས་ཀྱིས་ཕུད་སྦྱིན་གྱི་རེད་བ། ད་ཁོ་སྐྱག་ངན་ལོབ་ཚར་རེད།


发布     👍 0 举报 写留言 🖊   
✋热门推荐
  • 有家长爆料,西安新城区后宰门小学,却在8月19号开始对不在学区内的关系户,进行5—8万元不等,义务教育阶段入学应严格按照学区划分,资格审查入学,但近期有家长爆料
  • 某位自民党町议员称:“如果与迄今的前首相一样是联合葬礼的话可以理解,但(安倍)受肯定程度不至于要实施国葬。提交意见书的町议员近藤升一表示:“在过半数国民反对的情
  • 参加祭奠的民警纷纷表示,将永远铭记英烈们的先进事迹和崇高精神,以他们为榜样,立足岗位、顽强拼搏、无私奉献,忠实履行党和人民赋予的新时代使命任务。建国以来,郑州市
  • 至于过去什么提纯啊乱七八糟这些事,大家脑子记得心里放下吧,咱是18年来饱经锤炼的新的成熟粉圈了,哥是剧方仰赖的扛剧主角,同事现在需要的是转型口碑(如果聪明的话)
  • 55爸:咋嘛一个人不敢来,我们要打你所。太幸福了我边打工边感动得又哭又叫,天王老子来了也不能阻止本伴娘下个月参加婚礼不然真要我遗憾一辈子55爸:00 明天你又来
  • 2别总感叹,世态炎凉,情比纸薄,这世上还是知恩图报的人多。2别总感叹,世态炎凉,情比纸薄,这世上还是知恩图报的人多。
  • 【剁手猫】【商品】【一竹一木】家用砧板楠竹菜板 10双竹筷原价19.9元【券后9.9元起】包邮【下单】:【推荐】“送10双竹筷子”好用又防霉,表面无漆无蜡,实木
  • 我上班前老是焦虑,各种害怕,身体也会很累,下班了也会各种回想,会有什么没做好的。上班变成了一件没有意义的事,只是为了生活而不得不去做,因此人的身心在当下就是分裂
  • 没有人天生喜欢孤独,冷面对人,或许沉默是他们退无可退之后,对自己最后的保护。不要因为一时的困难而局限封闭自己,如果你不走出心理的围城,你就无法见证不一样的自己。
  • #二十五二十一#结局看完没有大悲大喜似乎没有顺其自然而又顺其自然遗憾就是人生常态吧喜欢女主,有句话理解男主,一个人的痛苦不需要两个人,变成两个人的痛苦也没有人不
  • 所以,为了减少高频信号的串扰,在布线的时候要求尽可能的做到以下几点:在布线空间允许的条件下,在串扰较严重的两条线之间插入一条地线或地平面,可以起到隔离的作用而减
  • 你却让我觉得我是世界上最糟糕的女人,从满心欢喜到绝望,你已耗尽了我所有的热情…回头看看自己走过的路,不知道这么多年是怎么熬过来的,用蕞好的年华换蕞残酷的教训,回
  • 短暂追竞两个月,不得不说追竞比追星更恶心,虽然很生气某些粉丝但是因为同队又不能说狠话,毕竟输是大家一起输,但是estar这个超话是真的待不下去了,团超是一言堂,
  • ”金鞍村党支部书记刘建国带着记者走进一处正在修缮的石板房内,述说着自己的儿时记忆:“这里是刘家村落,是整个鞑子梁的第二道梁,过去这里是前厅后院连片建设的,能够容
  • 干拌的!我全煮成汤汤水水了,能好吃吗!
  • 既然知道哪里有善知识,能够听闻佛法,当然不应错过,于是大伙给刘文化凑了一百大洋,让他到北京去请《 楞严经 》。然而,刘文化比谁都虔诚,「 他有个魔道劲,看不懂就
  • 三、大眼睛之人:个性较为大胆直爽,对于许多事情都感到好奇,这种人容易相信别人,没心机,容易听他人花言巧语要上当。#幸运星指南# 属马人的爱情之路属马的人,虽然拥
  • 原来又快到快穿长袖的季节了 还有三个多月跨年了,2022年过得比坐飞机还快,我好像都没有做就这么过了一年,只知道我又比之前更成熟了点…越来越不喜欢麻烦回信息煮
  • 不适合的鞋子,就不要硬塞了,磨,http://weibo.com/nlvista东莞广州婚[赞啊]纱摄[赞啊]影工作室的是自己的脚;打电话对方不接,深圳惠州婚[
  • 不知不觉中,微博草稿箱竟然成了我残页的日记,记录了我深夜里没写完的心情:有的,是我实在没整理好的思绪;有的是天快亮了,我想着还是赶紧睡吧;还有的,是我还没准备好