རྗེ་དཔོན་མདུན་ན་འདོན་སོགས་དབང་ཆེན་ཚོགས།།
ལོག་ལྟའི་ཁྲག་གིས་སྨྱོས་ཏེ་ཡིད་འཁྲུགས་ཤིང་།།
མེ་སྒྱོགས་ལྕགས་ཁྲབ་འཁོར་ལོ་ལ་སོགས་པས།།
ཉམ་ཆུང་ཁྲི་འབུམ་བརླགས་པ་གཟིགས་ཤིག་ཀྱེ།།

ཆར་འབབ་པའི་ཤག་སྒྲ་ཐོས་ན། ཉིན་འདི་ཚོར་་གནམ་ངོ་བཞིན་འཐིབས་ནས་སྙིང་ཁམས་མ་བདེ་བར་འབྱུང་གཞི་ནད་པར་བཏང་འདུག་པ་དེའང་རིམ་བཞིན་ཅུང་ཇེ་བདེ་ལ་འགྲོ་བ་འདི།

ཆར་བ་ལ་དགའ་ཞིང་ཆར་བབས་པའི་ཚོར་བ་དེ་ལ་དམིགས་ཀྱིས་དུངས་བས་ཡིན་ནམ་་་་་་་་་

https://t.cn/R2WxDGB

རྔོག་བློ་ལྡན་ཤེས་རབ།

བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། གསང་ཕུ་ནེའུ་ཐོག་དགོན་པའི་གདན་རབས་གཉིས་པ་ཡིན། རབ་བྱུང་དང་པོའི་ས་ཕག་ཕྱི་ལོ་ ༡༠༥༩ ལོར་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཆེ་ཆུང་བཞིའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཡུམ་གྱི་མཚན་ལ་དཔལ་མོ་ཞུ་བ་དང་། རྔོག་ནི་རུས་ཡིན། ཆུང་དུས་སྐུ་ངལ་ཤིན་ཏུ་ཆེ་བས་དགུང་ལོ་བཅུ་བདུན་སྐབས་སུ་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། དེའི་ཕྱི་ལོ་ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་གནང་སྟེ་རྒྱ་གར་དུ་སློབ་གཉེར་ལ་བརྫངས་པ་ལྟར་མངའ་རིས་བརྒྱུད་ནས་རྒྱ་གར་ལ་བྱོན་པའི་ལམ་གྲོགས་སུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙཱ་བ་བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་མཉམ་དུ་བྱུང་། རྒྱ་གར་དབུས་དང་ཁ་ཆེ་བཅས་སུ་ལོ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྤྱངས་པ་མཐར་ཕྱིན་ཏེ། དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ་ཕྱི་ལོ་ ༡༠༩༢ ལོར་བོད་དུ་ཕྱིར་ཕེབས། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙཱ་བའི་ནང་ནས་གཞུང་བསྒྱུར་བ་མང་ཤོས་དང་མཁས་ཤོས་ཡིན། འོན་ཀྱང་ང་རྒྱལ་དང་ཁེངས་སེམས་མི་གནང་བར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་མཁས་པ་ཉི་ཟླ་ལྟ་བུའི་དྲུང་ན་རང་ཉིད་རྒྱུ་སྐར་ཆུང་ངུ་ཞིག་གི་གྲས་སུ་ཚུད་པ་ཙམ་ཡིན་ཞེས་གསུངས། ཆོས་གསུངས་པ་ལ་ཤིན་ཏུ་མཁས་ས་པས་ཆོས་ཐེངས་རེ་གསུང་དུས་ཉན་མཁན་ཁྲི་ལྷག་དང་ཉུང་མཐར་སྟོང་ཕྲག་ལས་མི་ཉུང་བ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་པ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་ཟེར། དགུང་ལོ་ང་གཉིས་པ་རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་སྐུ་གཤེགས། ཁོང་གི་ལོ་རྒྱུས་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་གསལ།


发布     👍 0 举报 写留言 🖊   
✋热门推荐
  • #腰椎间盘突出##腰腿疼痛##关节炎# 谁知父母身上痛,一张膏贴儿女情!马上春节了,我们的父母为我们劳累一辈子了,年轻时可以抗,年老了抵不住岁月催人,难免出现颈
  • #易烊千玺后援会声明#真就当我没脑子了……而且今天的重点也不是这个,编制问题也一块声明一下吧……而且推后援会出来发声明真是笑了,这么重要的事,不值得他工作室发个
  • #阴阳师手游[超话]#zen根本就不明白,帝释天典藏是只是配色问题嘛?只是玩家的调色在一定程度上掩盖了设计的不足,但垃圾就是垃圾,喷了宝格丽香水也是垃圾!
  • 丘园养素,所常处也;泉石啸傲,所常乐也;渔樵隐逸,所常适也;猿鹤飞鸣,所常亲也。想成这样的人,朴厚痛快、大方洒落、又很浪漫。
  • #普洱茶 ##白茶##微博人文艺术[超话]#记得儿时在弄堂里爬树上抓一种叫天牛的大黑虫,长须白斑点,用细纱线绑住(如画示)让它飞得很高,那时我不觉得残忍,但还是
  • 朋友圈高级状态短句文案1、我希望你是为我而来2、你在看状态,我在看你3、日子一般般,希望快乐多一点4、喜欢我再来烦我5、我永远喜欢愿意和我好好讲话的人6、活的像
  • 若將現前明空無取之無垢自心 “ 了 ” 性,不加拘束 ( 不執著 ) 任其散緩,無論起任何分別境相,均不去辨別好惡破立,真修 “ 了空 ”即是大圓滿心要。掃塔之
  • MRB模特试纱 | 海盐冰淇淋味的淡蓝色婚纱 温柔娴静的浅蓝色给人舒适的感觉 立体桃心型抹胸在视觉上延长肩颈线条 高腰线的设计拉长了身材比例 裙身点缀着手工法
  • 这本书̇继续秉̛承DK公司̀的一贯传统,以栩̛栩如生的图片和̇生动的插图,配́以简̛练的文字̍描述,帮助̀读者了解历年来各国̀科学̀家的几乎所有的̇科学发明与发
  • 不管之后双方去往哪里,不怨、不恨,谢谢你们曾经的相遇,让彼此成为更好的人,送给对方永远的祝福,方不辜负相遇一场,更重要的是不负任何时光里的自己……其实,不管你遇
  • 从前以为,搧风只是简单地为了让面条快速凉下来,后来读闲书才知道,淋菜籽油、搧风是为了防止“淀粉老化”就是我们说的“粘了”。”后来我就记住了凉面要配豆芽,豆芽要掐
  • #电竞# 因为《LOL电竞经理》有趣的玩法和别出心裁的手机模式,再加上背靠LOL这样的超级大IP,这款游戏能够爆火,也就在情理之中了。#英雄联盟电竞经理#事出两
  • ”金海湖新区文教卫旅局贷教业务负责人杨远征说,“学生的录取通知书到了以后都陆续来办理贷款,在政务服务大厅这里,有自助服务区给他们填写申请表,我们工作人员也会细心
  • 目前已经培养出两名官方代理,每个月躺赚返现➊⓿⓿⓿⓿➕这次去张家界准备直升森米一级执行董事跟我一起做事业!教​ 师的‎斜杠​不​再‎是​ 只 能做‎ 家​ 教
  • #朴志晟梦队唯一主舞# ⛄️ ☃NCT DREAM唯一主舞再一次以雪宝精灵出圈PART少也认真对待每一个舞台的志晟蓝鸟自拍zzp超【队内断层第一】热帖直拍两手抓
  • 能带饭上班,起码说明你的居身之所并不算太差,有个厨房,冰箱,厨具.....在你感觉心情烦闷,生活无望的时候,你还可以躲入厨房里面,从烟熏火燎中,从煎鱼的滋啦声中
  • 一条树林里分出了两条路,而我选择了人迹更少的那条,从此决定了我一生的道路。 临出门最后一周改了行程,决定去布鲁斯半岛和花瓶岛,这个决定简直太正确了,运气也不错,
  • #原耽推文[超话]##原耽推文[超话]#啊啊啊啊这篇文有一个人不看我都会伤心的!景元洲:因为他天天缠着我说‘好想要’实在盛情难却。
  • 看到有人落难时,不落井下石,多一点温暖,因为谁的人生都不是一帆风顺。 但这世界啊,美便在于,有人是照耀他人的光,有人是等待黎明的夜。
  • 字如其人吗 #我爱大连,从未离开# 年轻的时候,不让自己去历经繁华,你就亏欠了自己。在每个时辰里,您都在干什么呢 #我爱大连,从未离开# 日出 · 八月初九