འུ་ཚོ་དངོས་གནས་དཔེ་ཀློག་ལ་སྤྲོ་སམ།འུ་ཚོས་སུ་ཞིག་གི་ཆེད་དུ་དཔེ་ཀློག་བྱེད་བཞིན་པ་རེད།དཔེ་ཀློག་གིས་རང་ཉིད་ལ་ཕན་ཐོག་གམ།དཔེ་ཀློག་ནི་དཔེ་ཆའི་དོན་དུ་བྱེད་དགོས་བ་འུ་རེད།ཡང་ན་གཞན་གྱི་མདུན་སར་ཅུང་བཟང་མདོག་བྱེད་སྐྱེད་ཞིག་འུ་རེད།དཔེ་ཀློག་ནི་ཆོས་ཀྱི་བརྫུ་བགས་དང་མཁས་པའི་བརྫུ་བགས་སྐོན་མཁན་ཞིག་འུ་རེད།དེ་ལྟར་རང་ཉིད་ལ་དྲི་བ་འགའ་བཏོན་རྗེས།དཔེ་ཀློག་དང་སློབ་སྦྱོང་རིག་གནས་ལ་དགའ་མདོག་ཁལ་དེ་ཡང་ཧ་ཅང་འཐུག་པའི་བརྫུ་བགས་ཞིག་དུ་མི་མཐོང་ངམ།དེ་ལྟར་རང་ཉིད་ཨུ་ཚུགས་ཀྱིས་བཙུར་བཙུར་བའི་མཐའ་མར།རང་ཉིད་ཀྱིས་རང་སྣང་གང་ཤར་གྱི་འདོད་པ་དག་དང་དུ་བླངས་ནས་རང་ཉིད་ལ་ཕྱི་གཙང་ནང་གཙང་གི་དཀར་འདོན་ཞིག་བྱེད་མི་འདོད་དམ།

བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་བསྟན་པ། གཉིས་པ་བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་བསྟན་པ་ནི། བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པར་གང་ལས་ཤེས་ཞེ་ན། དེ་ཉིད་ལ། སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་མ་ལུས་པར་དབྱེར་མེད་དུ་བསྟན་པའི་ཕྱིར་ན་སངས་རྒྱས་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་མདོར། སྟོང་གསུམ་དར་ ཡུག་ཆེན་པོའི་དཔེས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཚང་བ་མེད་པར་བཞུགས་པའི་ཚུལ་རྒྱ་ཆེར་བསྟན་པའི་རྗེས་སུ། སྟོང་གསུམ་ཚད་ཀྱི་རི་མོའི་གཞི་གཅིག་ཡོད་གྱུར་ལ། །རྡུལ་ཕྲན་མ་ལུས་ཀུན་ཀྱི་སྤུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པ་མིག་ལྡན་ལ་ལས་རྣམ་ཕྱེ་ནས། །རི་མོའི་གཞི་དེས་འགྲོ་ཀུན་ཉེ་བར་འཚོ་བྱས་ན། །བཅོམ་ལྡན་དེ་ཡང་དེ་བཞིན་སེམས་ཅན་ཀུན་ཀྱི་སེམས། །རིལ་གྱིས་བདེ་གཤེགས་མཁྱེན་ཡིན་འདུ་ཤེས་བསྒྲིབས་གྱུར་ཞེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བར་སྟོན། །འདུ་ཤེས་ཡོངས་སུ་ཤེས་ནས་རྒྱལ་སྲས་ཉེ་བར་འཚོ། །ཞེས་དང༌། རྒྱུད་བླ་མར། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། ། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་བདེ་གཤེགས་སྙིང་པོ་སྔར་གློ་བུར་དྲི་མ་དང་བཅས་པའི་དུས་དང་ཕྱིས་དྲི་མ་དང་བྲལ་བར་གནས་གྱུར་པའི་དུས་ཀྱི་ཡོན་ཏན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་གསུངས་སོ། །འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོ་ལས་ཀྱང༌། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་དང༌། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ། །ཞེས་དང༌། འཕགས་པ་དཔལ་ཕྲེང་གི་མདོར་ཡང༌། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་གསུངས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། བདག་དང་གཞན་དུ་འཛིན་སྤངས་ཤིང༌། །རང་གིས་རིག་པའི་ཡེ་ཤེས་ཏེ། །དངོས་དང་དངོས་མེད་བདག་ཉིད་མཆོག།

མཁའ་མཉམ་སྟོང་པ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། །ཞེས་ཏེ། སྲོག་ཆགས་རྣམས་ཀྱི་སྲོག་ཅེས་པ་དང༌། ཐམས་ཅད་ཁྱབ་ཅེས་པ་ནི། བདེ་གཤེགས་སྙིང་པོའི་དོན་ཡིན་ལ། དེ་ཉིད་སངས་རྒྱས་ཀུན་ཀྱི་ཡེ་ཤེས་དང་དཔལ་ཧེ་རུ་ཀར་གསུངས་པའི་ཕྱིར། བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་དངོས་ཡིན་པར་ཤེས་པར་བྱའོ། །

འགོས་ལོ་དེབ་སྔོན། འགོས་ལོ་གཞོན་ནུ་དཔལ་ནི། “བོད་ཀྱི་རབ་བྱུང་བདུན་པའི་ཆུ་སྤྲེལ། སྤྱི་ལོ 1392——རབ་བྱུང་བརྒྱད་པའི་ལྕགས་གླང་། སྤྱི་ལོ1481ལོའི་བར་དགུང་ལོ་དགུ་བཅུ་བཞུགས། འཁྲུངས་ཡུལ་ནི་ལྷོ་ཁ་འཕྱོངས་རྒྱས། པ་རའི་གྲོང་ནག་མེ་དགུ་ཟེར་བའི་ས་ཆར་འཁྲུངས། ཡབ་འགོས་སྟོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲིད་ཐར་སྐྱིད་ཡིན། བླ་མ་དྲུག་ཅུ་ལྷག་ཙམ་བརྟེན་ནས་མདོ་སྔགས་ཆོས་ཚུལ་ཟབ་མོར་མངའ་བརྙེས་པར་གྱུར། བོད་ཡུལ་རང་ལ་བཞུགས་ཏེ་སྒྲ་རིག་པར་སྦྱངས་ནས་ལོ་ཙཱ་མཁས་པར་གྱུར། དེབ་ཐེར་སྔོན་པོ་འདི་ཉིད་དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་མེ་སྤྲེལ། སྤྱི་ལོ 1476 ལོའི་ལོ་འཇུག་ཏུ་མཇུག་རྫོགས་པར་མཛད། དེབ་ཐེར་འདིའི་པར་ཤིང་ཡངས་པ་ཅན་ལ་ཡོད་པ་དང་། ཞྭ་དམར་ཆོས་འགྲུབ་རྒྱ་མཚོས་གོར་དམག་བོད་ལ་ཁྲིད་པའི་རྐྱེན་གྱིས་ཡངས་པ་ཅན་དགོན་པ་དགེ་ལུགས་ལ་བསྒྱུར་ཞིང་། དེབ་ཐེར་འདིའི་པར་ཤིང་ཀུན་བདེ་གླིང་ལ་སྤོས་ཞེས་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་འགོས་ལོའི་རྣམ་ཐར་མཛད་པ་དེའི་ནང་གསལ་བ་ལྟར་བསྡུས་ཏེ་བཀོད།


发布     👍 0 举报 写留言 🖊   
✋热门推荐
  • 这一趟出门对寂照庵的一院子多肉种草了~是圆润可爱朴素的憨憨但是在不确定自己是不是真喜欢或者能不能养活多肉之前还是谨慎购入吧就像喜欢,爱和责任心的区别一样喜欢植物
  • 老人言:“ 鱼放三日发臭 ,客住三天讨嫌 ,人无百日好,花无百日红,宁可糊涂,也不话唠,能成大事的人,从不随随便便打扰别人,要牢记…凡事切不可过头,为人处事要懂
  • 赶快私信志鼎‭‮师老‬‬领取高清版Ps:如报名‭‮到遇‬‬问题可‭‮时随‬‬私信‭‮鼎志‬‬老师‭‮供提‬‬帮助 轻‮由自‬代餐‮反粉‬馈​‎ ͏ ,瘦了斤一点
  • 这一社会现象背后原因包括: 1. 恶意注册商标的成本低:商标注册申请成本低廉; 2. 商标审理周期短:随着审查实践的不断改革,商标审理的周期逐渐缩短,恶
  • 《记2022年这个暑假》这个暑假放了大概100天吧,在医院工作了两个月给自己稍稍赚了一些些零花钱[成人礼]和儿砸终于一起去了长沙(虽然累的不行而且没什么体验感[
  • 也给几个朋友测过,都挺准的,没有花里胡哨的进一步收fei,很多旺运建议还不花钱,结果整整有10页,真良心价!跟竹吃饭遇到的一只好可爱的喵喵啊给所里的猫喂的粮下班
  • 有这样大胆的想法,理由是在海南一家养老院做了两个月义工之后,发现自己的现状和理想目标有很大差距,决定裸辞,勇敢地做自己喜欢的事情,其中一个目标就是开养老院。只要
  • #王一博冰雨火# 从等了两年还是一样满怀期待的播出到如今结束了却又万分的不舍。如今我们小博有了更广阔的表演天地,以后会演绎各种不同的人物角色,但陈宇依热是我播出
  • 如果青春之你我抛弃贪乐的念头,在时代的潮流中奋起扬鞭,不贪求所谓解脱,青年啊 ——你我便把持了永久的人生。如果青春之你我抛弃贪乐的念头,在时代的潮流中奋起扬鞭,
  • 来自老母亲的爱❤️~前晚视频麻麻说家里过节好多吃的有我最爱吃的“北籽”还有红粿隔天就给我寄了满满一箱吃的牛肉丸 红粿 芋圆 番石榴 甜粿麻麻第一次尝试自己去寄快
  • 人活一生,值得爱的东西很多,不要因为一个不满意,就灰心。人活一生,值得爱的东西很多,不要因为一个不满意,就灰心 ——《人生》 ​
  • #采招圈# 【最新项目信息】[羞嗒嗒]【总投资600万元挂面生产技术改造项目】#安徽# #食品生产# #技术改造# 项目名称:挂面生产技术改造项目进展阶段:在建
  • 接着第二公和师姐宁静的斗嘴搞笑画面,又让我见到不一样的她,我完全已经不是在看我当年的偶像艺人了,真的完全聚焦在她身上,我不知道是不是真的有剧本写好的,但就算有剧
  • [鲜花][鲜花][鲜花]#带着微博去美国##一定要和TA去的九个地方#现代花源--水墨婺源 地理位置:位于赣东北,东邻国家历史文化名城衢州市,西毗景德镇市,浮梁
  • [音乐][doge][哈哈]今年,因为疫情过了一个独特的一个人的中秋。三生华发,一生牵挂, 我们终究不是童话,与你,只是我倾情一生错过的漫画。
  • 结果不仅没得到大家的支持,反而得到了群嘲,毕竟他这个本身就不是原创不过他可没手软,编辑了3次,直接讽刺流量的厉害我觉得这事吧,于正也不是原创,他纯粹是蹭热度翻车
  • 不过地铁终究是在路上,到了目的地就要下车,希望大家都有目标,有方向,在对的地方上下车,如果能有人陪你一起走过旅途,那更好。地铁里有各种各样的人,不同的路线又人群
  • 检察干警走访摸排、采集信息上报,宣讲政策、测量体温、查验“两码”掌握来洪返洪人员落地24小时核酸检测及居家健康监测落实情况,动员居民主动接种疫苗,积极落实洪湖市
  • 感谢有很多,感谢在疫情期间给了一份慰藉感谢徐姑姑和房店长的慢慢情话,原来中年人的爱情也很美,原来只有亲额头没有很多的亲亲抱抱的爱情也会让人动容,原来细水长流的爱
  • 【TalkOP情报】海贼王1057话情报(不断更新的传送门地址在评论区) 第4次更新,超详细情报翻译 by【TalkOP汉化】星霄、荒薪、嘈杂 翻译出处:Ta