༼ཨེ་མཚར་བར་གྱི་ངོ་མཚར་ཚིག་དོན།༽

ཨེ༷་ཡིག་སྟོང་ཉིད་འཇམ་པའི་ཀློང་ཡངས་སུ། །

ཝ༷ྃ་ཡིག་སྒྱུ་འཕྲུལ་གར་གྱིས་རྩེན་མཛད་དཔལ། །
ཟུང་འཇུག་ལྷན་སྐྱེས་བདེ་ཆེན་ཚུལ་གཅིག་མཐོང༌། །

ཨ་ཧོ་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་མཚར། །

དཔལ་དབང་ཆེན་དགྱེས་རབ་རྡོ་རྗེའི་གསུང་གིས། བོད་ཡིག་ཕྱི་མོ་སུམ་ཅུ་དང་། ༼བརྩེགས་༽འདོགས་དྲུག། ཚིགས་བཅད་གཅིག་གི་ནང་དུ་ཚང་བ་ཞིག་བྲིས་ཞེས་ཕེབས་པ་ལྟར། ༼རབ་བྱུང་བཅོ་ལྔ་པ་༽རབ་ཚེས་༼ལོ་རབས་༨་པ་༽ཤིང་ཁྱི་ཟླ་༡༢་ཚེས་༡༩་༼སྤྱི་ལོ་༡༨༧༤་ཟླ་༡་ཚེས་༡༨་༽ལ། ལབ་ལུང་ཆོས་སྡེ་ཆེན་པོར་བྲིས་ཏེ་ཕུལ་བ་ལ། སླར་༼ལོ་རབས་༢༣་པ་༽ས་གླང་ཟླ་༡ཚེས་༣༼སྤྱི་ལོ་༡༨༨༩་ཟླ་༣་ཚེས་༢་༽སུ། སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ། འབྲུ་རེ་ཟུང་གསར་བཅོས་བྱས་པ་འཇམ་དཔལ་རྡོ་རྗེས་སོ།།

༼འདི་ལ་འགྲེལ་བྱེད་ཚིགས་བཅད་གསུམ་འདུག་པ། མི་འགྲིག་ས་མང་ཙམ་འདུག་པས། ཕྱིས་གཞན་གྱིས་བྲིས་སམ་སྙམ་ནས་འདིར་མ་བཀོད་དོ།།༽

བསམ་ཡས་བྱ་དེ་དཀར་པོའི་ངོ་མཚར་བའི་ལོ་རྒྱུས།
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྤྲུལ་པའི་གཙུག་ལག་ཁང་གི་སྐོར་ལམ་ནང་མའི་ཤར་ལྷོའི་མཚམས་ཀྱི་འོག་ཐོག་ལྡེབས་རིས་ཀྱི་ངོས་སུ་བྱ་དེ་དཀར་པོ་ཞིག་བྲིས་ཡོད་པ་དེ་ནི་དམངས་ཁྲོད་དུ་ཡོངས་སུ་གྲགས་པའིབསམ་ཡས་བྱ་དེ་དཀར་པོ་ཞེས་པ་དེ་ཡིན་ལ་དེར་མི་ཚང་མས་དད་གུས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

མ་གཞི་ཚང་མས་མཁྱེན་གསལ་ལྟར་ལྡེབས་རིས་ངོས་སུ་འདབ་ཆགས་དང༌། རི་དྭགས། གཅན་གཟན་སོགས་བྲིས་པ་གང་སར་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པས་དེ་ནི་ངོ་མཚར་ཆེ་བ་གང་ཡང་མ་ཡིན་པ་སྨོས་མེད་ལགས་ཀྱང༌།

བསམ་ཡས་ཀྱི་བྱ་དེ་དཀར་པོར་སྐྱེ་བོ་ཀུན་གྱིས་དད་གུས་ཆེན་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ།

བྱ་དེ་དེའི་མིང་གྲགས་གང་སར་ཇི་ལྟར་ཁྱབ་བམ་ཞེ་ན། དེའི་རྒྱུ་མཚན་དམངས་ཁྲོད་དུ་ངོ་མཚར་ཆེ་བའི་ཤོད་རྒྱུན་དུམ་བུ་ཞིག་ཡོད་པ་སྟེ།

སྔོན་སྤྱི་ལོའི་དུས་རབས་དགུ་པའི་དུས་མཇུག་ཏུ་ཉིན་ཞིག་བསམ་ཡས་དགོན་པའི་འོག་ཐོག་གི་མཆོད་མེའི་མེ་ལྕེ་མཇལ་དར་བརྒྱུད་མཆོད་གཤོམ་ལ་མཆེད་དེ་གཙུག་ལག་ཁང་ལ་མེ་སྐྱོན་ཤོར་ཉེན་ཆེ་བའི་དུས་དེར། གང་ནས་ཡོང་མིན་མི་ཤེས་པའི་བྱ་དེ་དཀར་པོ་ཞིག་གིས་སྐད་ཤུགས་ཆེན་རྒྱག་བཞིན་པར་དགོན་པའི་ནང་འཕུར་བས་ཚང་མ་ཡ་མཚན་སྐྱེས་ཏེ་བྱ་དེ་དཀར་པོ་དེའི་རྗེས་སུ་བསྙེགས་པ་ན་མཆོད་གཤོམ་ལ་མེ་མཆེད་ཡོད་པ་དང༌།

བྱ་དེས་རང་སྲོག་ཕངས་མེད་ངང་གཤོག་རྡེབ་བྱས་ཏེ་མེ་གསོད་བཞིན་ཡོད་པས་ཚང་མས་རང་ནུས་ཡོད་རྒུས་མེ་བསད་པས་མེ་སྐྱོན་འགོག་ཐུབ་པ་བྱུང་ཡང་། ཡ་མཚན་ཅན་གྱི་བྱ་དེ་དཀར་པོ་དེའི་གཤོག་སྒྲོར་མེ་འབར་ནས་དེ་གར་ཤི། ཕྱིས་བྱ་དེ་དཀར་པོ་དེར་དྲན་གསོ་བྱེད་ཆེད་གྱང་ལྡེབས་སུ་བྱ་དེ་དཀར་པོ་དེ་ཆེད་དུ་བྲིས་པས་ཚང་མས་དེ་ལ་དད་གུས་ཧ་ཅང་ཆེན་པོ་བྱེད་པ་མ་ཟད་དམངས་ཁྲོད་གཞས་ཚིག་ནང་དུའང་བསམ་ཡས་བྱ་དེ་དཀར་པོའི་སྐོར་མང་པོ་གསར་རྩོམ་བྱས་ཡོད་ཅིང༌། ༼ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ། བསམ་ཡས་བྱ་ཕོ་དཀར་པོ། ། བྱ་སྐད་སྔ་པོ་མ་རྒྱག ། ང་དང་ཆུང་འདྲིས་བྱམས་པའི། ། སྙིང་གཏམ་བཤད་འཕྲོ་ལུས་སོང་༽ ཁྱད་པར་དུ་ཤོད་རྒྱུན་ལ་དུས་ཕྱིས་ཀྱང་བསམ་ཡས་དགོན་པར་མེ་དགྲ་ཡོང་ཉེན་ཡོད་ན་ལྡེབས་རིས་ངོས་ཀྱི་བྱ་དེ་དཀར་པོ་དེས་བྱ་སྐད་བརྒྱབ་ནས་ཉེན་བརྡ་གཏོང་གི་ཡོད་ཅེས་པའི་ངོ་མཚར་གྱི་ཤོད་སྲོལ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་བཞིན་ཡོད།

དེ་རིང་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གིས 2015ལོའི་རྔ་བ་ཁུལ་གྱི་ཐབས་ལམ་དང་པོའི་མཐོ་རྒྱུགས་ཁྲོད་རིག་ཚན་གྱི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་མཁན་རྔ་བ་བར་མ་ཡུལ་ཚོའི་ཚུལ་ཁྲིམས་དང་།
2016ལོའི་རྔ་བ་ཁུལ་གྱི་ཐབས་ལམ་དང་པོའི་མཐོ་རྒྱུགས་ཁྲོད་རྩིས་ཚན་གྱི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་མཁན་རྔ་བ་རྒྱ་སྟོད་ཡུལ་ཚོའི་སྐར་མ་སྐྱིད།
2018ལོའི་རྔ་བ་ཁུལ་གྱི་ཐབས་ལམ་དང་པོའི་མཐོ་རྒྱུགས་ཁྲོད་རིག་ཚན་གྱི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་མཁན་སྤྲོ་ཚིག་ཡུལ་ཚོའི་ཀུན་བཟང་དོན་འགྲུབ།
2021ལོའི་རྔ་བ་རྫོང་གི་ཐབས་ལམ་དང་པོའི་མཐོ་རྒྱུགས་ཁྲོད་རིག་ཚན་གྱི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་མཁན་བསུ་བ་ཡུལ་ཚོའི་དཀོན་མཆོག
2021ལོའི་རྔ་བ་རྫོང་གི་ཐབས་ལམ་དང་པོའི་མཐོ་རྒྱུགས་ཁྲོད་རྩིས་ཚན་གྱི་སྤྱིའི་སྐར་གྲངས་ཨང་དང་པོ་ཐོབ་མཁན་བར་མ་ཡུལ་ཚོའི་སྐལ་བཟང་བཅས་ལ་རྟེན་འབྲེལ་དང་སྐུལ་མའི་ཚུལ་དུ༼རྔ་བའི་ཤེས་འཇོན་མི་སྣའི་གཟེངས་རྟགས༽དང་དམངས་སྒོར་སོགས་ཕུལ། https://t.cn/R2Wx1ZH


发布     👍 0 举报 写留言 🖊   
✋热门推荐
  • 值得注意的是,岚图知音这次申报的车型依然没有激光雷达的样式,预计还是使用百度Apollo的智驾,是一个纯视觉的方案,支持高速NOA。总之,这次岚图知音真的很有卖
  • 冬梅正坐在东厢房的堂屋里做针线,见得佳音过来,她就笑了,“大小姐又来了。而这会儿,侯爷望着大炕上古古怪怪的东西,同佳音大眼瞪小眼,很是疑惑。
  • 愿与你弹奏一曲《莫失莫忘》;愿与你守候着一季花开天涯;愿与你等待地老天荒;与你共赏藕池千朵,倾一世惆怅,眷一季忧伤,万丈红尘,世间离合,从此,不再问前世今生,不
  • 更通俗地说,天文学研究起源于地球大气层之外的一切事物。更通俗地说,天文学研究起源于地球大气层之外的一切事物。
  • #魏大勋魔方新世界# Wdx#魏大勋杀青了# 人生就那么短,不要为了变成别人喜欢的样子,委屈了自己。#魏大勋杀青了#Wdx#魏大勋魔方新世界# 人生就那么短,不
  • 生活中有太多的人都是死要面子活受罪,做出很多超出自己能力外的事情,最后给自己带去麻烦,一发不可收拾,安守本分首先是要安心,安心就是安抚自己的心,控制心中所念所想
  • Walking过程中我开玩笑让余背一下我,我走不动了,她竟然真的背着我走了几米哈哈哈,我好怕把她压坏,毕竟现在的我被知识填满还是有些重量在的哈哈,她真的让我很感
  • 上班能感觉到幸福的日子不多,今天算一天也是当老师当上头的一天还有一个月就要送走这批陪了6年的学生上午一名学生让我给她写句祝福的话,“前程似锦,一路繁华”“毕业快
  • 真空能量如同一个人的无限潜力与能量蕴藏,他一次次地在舞台上绽放自己,一次次地证明自己突破自己“我可以我一定行”这种能量粒子的流动通过他的行为实现了能量可视化,关
  • 那种自我感觉会一直有钱的有钱人很容易重新返穷身材脸蛋特别好看的美女 也会自负 然后去整容,把自己整残,她们自信自己不会变丑,结果整成了网红脸, 两三年下来颜值就
  • 渔船竟能靠系统升级打怪》姜晨主角:《惊!下班途中捡回了个锦鲤福宝》福宝《我在异界诗才惊九霄》秦牧《我在异界诗才惊九霄》秦牧《
  • ”盛笙笙心神一震,果然,被发现了吗……第6章“我……”她张了张嘴,只觉得大脑一片空白,一时竟一个字也说不出来。”盛笙笙心神一震,果然,被发现了吗……第6章“我…
  • 拜托了,求求了今天好幸福 成训真的好软好萌好像饭团 真的很爱恩静的可爱小狗一枚 啊啊啊 尼基今天看起来心情很好 我心情也因此变好了!谢谢谷站妈妈大人……[泪]好
  • 我选择了一款黑色的沙发,此外,我还为这款沙发选择了一款美丽的盖毯,它能够为沙发增添一份美丽和温暖的感觉。因此,在设计客厅时,我们可以适当地选择一些精致而又小巧的
  • 首先是最早一批的①麒麟9000,②麒麟9000E,和③麒麟9000L,它们用的虽然是公版架构,但咱们不得不佩服华为芯片设计能力,在2020年高通搞出火龙888的
  • ジャンルに囚われることなくさまざまな楽曲に挑戦したことがわかりやすく提示された作品で、初めて一聴した時、自分の知らなかったKinKi Kidsが凝縮されていて衝
  • 可是这个时候,范闲出现了,他以一种自信而狂妄的姿态踢翻了一切,唤醒了邓子越那颗尘封已久的心,十年饮冰,难凉热血他说:去他妈的委曲求全去他妈的和光同尘你还记得曾经
  • 我滴心情不是很美丽..波弄啊你安慰安慰我呗Vernon:你可真不会玩游戏啊净汉:今天的游戏就到这啦下次见噢 1stlookofficial INS 更新▶饭制G
  • 其实复刻表的质量一般都不错,而这款表的质量在3000到5000左右,因为需要用正品打开,而且也是手表的质量和正品相差不大原装的,这样的复刻表和正品表基本没有区别
  • 老子的智慧:我们不可以在现象界寻找“道”? 1、一千个人读《道德经》,就会读出一千个老子,根源在于道的难以描述性,老子极尽刻划之功,想把这个问题说清楚,但给人的