འབྲུག་སྒྲའི་ནང་དབྱིངས་ལ་སིམ་པའི་ཆོས་རྒྱམ་དྲུང་པའི་གདན་ས་ལ་མཇལ་དུས། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ཌ་ཡ་ན་ཇེ་སྨུག་པོའི་མི་ཚེའི་ཁྲོད་ཀྱི་ཤམ་བྷ་ལ་དྲན་བྱུང་། https://t.cn/A6cv4Mcs


修行的本质并没有任何奇特的地方,它的实质就是反复的深入我们的心相续,并且改变它,否则,这个宝贵的人身会被浪费,你用一生的时间追逐自己的念头,执着它所创造的轮回,实际上,就是在梦幻中迷失自己而不自觉。

———顶果钦哲

ཉམས་ལེན་གྱི་ངོ་བོ་ལ་གནད་ཁྱད་པར་བ་ཅི་ཡང་མེད་ཅིང་། དེའི་རང་བཞིན་ནི་ང་རང་ཚོའི་སེམས་ཀྱི་རྒྱུན་ལ་ཡང་དང་བསྐྱར་དུ་འཇུག་པར་མ་ཟད། དེ་ལ་འགྱུར་བ་འབྱུང་བར་བྱེད་ཀྱི། དེ་ལྟ་མིན་ན་དལ་བརྒྱད་འབྱོར་བཅུའི་བདག་ཉིད་ཅན་གྱི་ལུས་རྟེན་རིན་པོ་ཆེ་འདི་ཉིད་ཆུད་གསན་པར་བྱེད་ཅིང་། ཚེ་གཅིག་ལུས་གཅིག་ལ་རང་སེམས་ཀྱི་རྗེས་སུ་ཞུགས་ལ། དེ་ལ་བདག་ཏུ་འཛིན་པའི་འཛིན་པ་ཡིས་འགྲོ་བ་རིགས་དྲུག་གི་གནས་སུ་ལྟུང་བར་བྱེད་ཅིང་། དེ་ནི་རྨི་ལམ་སྒྱུ་མའི་གྲོང་ནས་སོ་སོ་ལམ་ནོར་ཞིང་རྨོངས་པ་མ་རིག་པའི་དབང་དུ་གྱུར་པ་ཡིན་ནོ། །

____གུང་ཐང་སྐུ་ཕྲེང་བདུན་པས་དུས་འཁོར་དབང་ཆེན་གནང་སའི་ཡུལ་དངོས།
མདོ་སྨད་ཀན་ལྷོའི་མཛོད་དགེའི་ཐང་ཆེན་དུ་གནམ་གྱི་སྐར་ཚོགས་ས་ལ་ལྷུང་འདྲ་བ་འདི་ཅི་ཡིན་ནམ། འདི་ནི་ད་སྐབས་དྲྭ་ལམ་ཁག་ཏུ་ཁྱབ་ཚད་ཆེ་བ་དང་མང་པོ་ཞིག་ངོ་མཚར་སྐྱེ་བའི་གནས་ཚུལ་ཞིག་ཡིན་འདུག

བླ་མ་དང་བླ་མའི་ཐུགས་བསྐྱེད་དང་བྱིན་རླབས་མི་འདྲ་བས། དབང་དང་ནོར་གྱིས་མ་བསྡུས་པའི་དད་ལྡན་མང་ཚོགས་འདི་ཙམ་ཞིག་འདུ་ཐུབ། དཔོན་པོ་དང་དཔོན་པོའི་དྲང་བདེན་མི་འདྲ་བས། ཚོང་དང་གཡོ་རྒྱུས་མ་བཀུག་པའི་རྒྱ་ཆེའི་དད་ལྡན་མང་ཚོགས་འདི་འདྲ་ཞིག་འདུ་ཆོག

འདི་ལ་ནི་བླ་མའི་ཐུགས་བསྐྱེད་སྨོན་ལམ་དང་། དཔོན་གྱི་དྲང་བདེན་དང་ཁྲིམས་ལུགས་ཟེར། ཡུལ་དངོས་སུ་ཡོད་པའི་མི་ཚོས་བཤད་པ་ལྟར་ན་ད་ཐེངས་གུང་ཐང་སྐུ་ཕྲེང་བདུན་པས་དུས་འཁོར་དབང་མོ་ཆེ་གནང་སར་དད་ལྡན་དབང་ཞུ་བ་ཁྲི་བདུན་དོན་གཅིག་ལྷག་དབང་གི་སྟ་གོན་གྱི་སྐབས་ནས་ནི་འཛོམས་ཡོད་པར་བཤད་ཀྱིན་འདུག <འགའ་རེས་བཤད་ན་མི་མང་ཁྲི་བརྒྱ་ཡན་མན་ཞིག་འཛོམས་ཡོད་སྐད་ཀྱང་ཐོས་རྒྱུ་འདུག གང་ལྟར་སྲིད་གཞུང་གི་ལས་བྱེད་མི་སྣ་ཚོས་རྫོང་གཉིས་ཀྱི་ཁོངས་གཏོགས་ཙམ་ལས་ས་གནས་གཞན་དང་གཞན་གྱི་མི་དམངས་འདུ་རྒྱུ་བཀག་འགོག་དང་དམ་བསྒྲགས་བྱས་ཡོད་སྐད་འདུག དེ་ལྟར་བྱས་མེད་ཚེ་འདི་ལས་ལྡབ་གཉིས་འགྱུར་གྱི་མི་མང་འཛོམས་རྒྱུ་ཡིན་པ་གཏན་ཁེལ་འདུག> འདི་ལྟར་བསམ་ཡུལ་ལས་འདས་པའི་ད་ཐེངས་ཀྱི་མི་མང་(710000)འདུ་འཛོམས་འདི་ལྟ་བུ་ཞིག་བྱུང་ཐུབ་པ་དེས། མང་ཚོགས་ཀྱི་དད་པའི་སྟོབས་དང་བོད་མིའི་རང་ཚུགས་མཚོན་ཡོད་ལ། གུང་ཐང་བླ་མའི་ཐུགས་བསྐྱེད་དང་སྨོན་ལམ་ཡང་ངོ་སྤྲོད་བྱས་ཡོད། ད་དུང་གནས་ཚུལ་འདིས་རྙིང་གཞི་རྩ་གཏོར་གྱི་ཡ་ང་བའི་རླུང་འཚུབ་དེས་ཀྱང་ང་ཚོ་རྩ་མེད་དུ་བཟོ་ཐུབ་མེད་ཅེས་བརྡ་ལན་ཆེན་པོ་ཞིག་ཀྱང་སྤྲད་ཡོད་ལ། ལྷག་པར་དུ་པཎ་ཆེན་སྐུ་གོང་མ་དང་། གུང་ཐང་སྐུ་གོང་མའི་རུས་པ་དང་རང་ཚུགས་ལྕགས་ལས་སྲ་བའི་མི་བོ་ཆེ་དེ་དག་གིས་བཀའ་དྲིན་ཡིན་པའང་བརྗེད་ག་ལ་རུང་།


发布     👍 0 举报 写留言 🖊   
✋热门推荐
  • 【人工合成淀粉:迷宫寻途2000天】2015年初,还在国外访问交流的蔡韬接到了马延和的电话:“未来所里计划做人工合成淀粉的项目,凭空制造。” “凭空制造?这可
  • #悠塔[超话]##减肥➕V:514364757# 真正的减肥不是看体重秤上的数字,而是体脂的减少才是真的瘦,果吸奶片一个提高新陈代谢进行排毒一个利用脂肪酶从根
  • 今日份忙碌的搬砖✈结束[月亮] 上一次飞新西兰还是两年前的今天,那时候的假期悠扬乐哉,去伊甸山看风景,天空塔蹦极,皇后街吃吃喝喝,南岛穿越冰川,下乡间赶绵羊,参
  • 图文无关⚠️咸鱼打工记① 其实说实话自己一开始也没有想过做班助的吧 真的 契机可能就是因为老刘想把我推进党员工作站(而且我这学期也推优成功啦!!)应该好像就是
  • 【59个农贸市场实现“快检全覆盖”】9月26日凌晨4时,天还没亮,包头市市场监督管理局农贸市场快检室(快检车)的快检员们已经赶到各大农贸市场和超市进行取样,并开
  • 荷兰归还委员会(The Dutch Restitutions Committee)提请将两幅画作归还给一位曾被关押在纳粹集中营的犹太收藏家的后裔,分别是杨·戴维
  • #俩熊刷青甘小环线# D2.什么是向往的生活?终于过上了居无定所、风餐露宿、颠沛流离、吃了上顿不知道下顿在哪里的生活[笑cry]今天又是拼命赶路的一天,一路远窜
  • 当初小日本想抢邻居都想疯了,要不是老蒋和张小六的全力避战,让小日本不断膨胀,未必让整个国家都卷进战争。 说到底,就是弱肉强食,你怂了,流氓和土匪就会立马围上来。
  • 当你昏昧时,什么事都做不成,如果你写文章,拿着笔在那里发呆,看书看不到两页就困了,全与孙悟空的师弟猪八戒一样,闷住了,全在昏昧中。虽然有时看你眼睛是睁开的,但是
  • #跟文轩一起爱生活爱阅读# #紫禁御喵房[超话]# # 紫禁御喵房# @紫禁御喵房 @快看漫画 X 故宫宫廷文化联合出品,漫画单行本《#御喵房#1》来啦~ [
  • #林胖子[超话]# 30岁是个怎样的年龄,别人成家立业,可能二胎都有了,而我才刚刚开始我的研究生生涯。今年经历的事很多,感悟也很多,仪式感越来越缺失,所有事情觉
  • 北京小学全科家教语数外辅导老师 北京勤学家教网 请注明找家教 网站: 网站免费推荐家教老师 提供小学初中高中文化课 钢琴 小提琴艺术类等科目家教 老师示例:
  • 羽毛球周记 第五周第一天 有了会发光的新球 挑了两个绿色的打 超级弹超级重 打起来好像在打网球 运动量巨大满场追球跑 十几分钟就打出半个小时的效果 市民
  • 2021澳洲移民新政策汇总!年初登陆攻略,速查! 飞际海外通 想要移民澳洲,必须先了解澳洲最新的移民政策,并据此分析自己适合的移民道路。 2021年伊始,
  • 我的粗糙业余版微博超话内地明星粉丝数统计卷土重来了 仅供娱乐,希望不会因为疑似营销号而被盯上 此次仅统计9/30 某一小时内的超话关注数,仅限超话“明星”分区,
  • 随着iPhone13面市,iOS 15操作系统将会被越来越多的玩家使用。iOS 15中有六项功能容易被玩家忽视。#微博数码# 1.在消息中与你共享,当有人通过
  • #我的巴比伦恋人# 现在写沙雕玛丽苏小说还来得及吗?反正是梦,给我大胆的搞设定。 男二欧阳文山真的是女主写的闺蜜的cp,设定富可敌国,好特么区区一个富豪。 男
  • 终于有一天我想一个人去干嘛的时候 有人会跟我说,自己也可以去! 而不是说你不能这样,你需要多和同事、朋友待在一起 所以我今天吃了这么多乱七八糟的东西,明天会不会
  • #带着微博去旅行##百名旅游达人北海行# 昔日小渔村,摇变网红点。 在这里,不仅可感受质朴无华的乡村风情,更能体验时尚休闲的乐活假期。 在阳光下写生的学子,在树
  • 자기야~~[抱一抱][心] 음..셀카 세장 보냈어.. 그러니까 맞아.. 이것은 오늘의 굿나잇 웨이보이다. 여보..일찍 자고 일찍 일어나는 계획이