ཞོགས་སྔ་ལངས་བྱས་པའི་དགེ་མཚན་བདུན།
早起的七个好处!

གཅིག རྣམ་རིག་གསལ་ཞིང་ལུས་པོ་བདེ་བ།
གཉིས། སློབ་སྦྱོང་གི་སྦྱང་འབྲས་འབུར་དུ་ཐོན་པ།
གསུམ། བྱ་བ་སྒྲུབ་སྐབས་ཞིབ་ཚགས་ཡིན་ལ་བྱ་བར་འགན་འཁྲི་ལྡན་པ།
བཞི། ལས་ཆོད་གཞན་ལས་མཐོ་བ།
ལྔ། སེམས་ཁམས་སྐྱིད་པ།
དྲུག སེམས་ནད་མི་འབྱུང་བ།
བདུན། ཀུན་དང་མཐུན་ཞིང་མི་ཚེར་དོན་སྙིང་ལྡན་པ།

འཛམ་གླིང་སྟེང་གི་དབང་གྲགས་ཆེ་བའི་རིག་གཞུང་ལས་ཁུངས་འགས། བདེ་ཐང་སྐོར་གྱི་ལས་གཞི་དུ་མར་ཞིབ་འཇུག་བྱས་རྗེས། ཞོགས་པར་སྔ་ལངས་བྱས་ན་གཤམ་གྱི་དགེ་མཚན་འདི་དག་ཡོད་པ་བདེན་དཔང་བྱས།

གཅིག རྣམ་རིག་གསལ་ཞིང་ལུས་པོ་བདེ་བ།

ཞིབ་འཇུག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་མཁན་ཚོ་དུས་རྒྱུན་མལ་ལས་ལངས་ཚད་མགྱོགས་ལ་རྣམ་རིག་གསལ་བས། བློ་རིག་སྒྲིམ་དགོས་པའི་བྱ་བ་སྟེ་སློབ་སྦྱོང་སོགས་ལ་མྱུར་དུ་རིག་པ་བསྒྲིམས་ནས་འཇུག་ཐུབ་པར་མ་ཟད། ལས་ཀར་ཞུགས་སྐབས་ངལ་དུབ་ཀྱི་རྣམ་པ་མེད་ལ། བྱ་བའི་ལས་ཆོད་ཡང་གཞན་ལས་བཟང་བ་རེད།

གཉིས། སློབ་སྦྱོང་གི་སྦྱང་འབྲས་འབུར་དུ་ཐོན་པ།

ཨ་མེ་རི་ཁའི་ཏུ་ཁི་ས་སི་སློབ་ཆེན(德克萨斯大学)གྱིས་ཞིབ་འཇུག་བྱས་ཏེ་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་སློབ་ཆེན་སློབ་མ་དག་གི་སྦྱང་འབྲས་ནི་ཞག་གང་བོར་མི་གཉིད་པའི་སློབ་མ་དག་གི་སྦྱང་འབྲས་ལས་ལྡབ་གཅིག་གིས་བཟང་བ་རེད། རྒྱུ་མཚན་ནི་ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་སློབ་མ་ཚོར་རང་གི་འཚོ་བར་འཆར་གཞི་ཡོད་པ་དང་བཀོད་སྒྲིག་ལྡན་ལ།དུས་ཐོག་ཏུ་སློབ་ཐུན་ལ་ཞུགས་པ་དང་། རང་འགུལ་སྒོས་སློབ་སྦྱོང་བྱེད་པར་མཁས་པར་མ་ཟད།ཞག་གང་པོར་མི་གཉིད་པའི་སློབ་མ་ལས་ལུས་ཕུང་ཡང་བདེ་ཐང་རེད།

གསུམ། བྱ་བ་སྒྲུབ་སྐབས་ཞིབ་ཚགས་ཡིན་ལ་བྱ་བར་འགན་འཁྲི་ལྡན།

ཞིབ་འཇུག་ལས་ཤེས་པ་ལྟར་ན།ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མིའི་རིག་པ་དྭངས་ཤིང་གསལ་ལ། བྱ་བ་གང་དང་འཕྲད་རུང་ཞིབ་ཚགས་ངང་ཐག་གཅོད་བྱེད་མཁས་པར་མ་ཟད།བྱ་བ་སྒྲུབ་སྐབས་གཞན་ལས་ཡིད་ཆེས་དང་སྙིངས་སྟོབས་ལྡན་པས། ཁོ་ཚོའི་བྱ་བའི་ལས་ཆོད་ཧ་ཅང་མཐོ་ལ། རྩ་འཛུགས་ཀྱི་རང་བཞིན་ལྡན་པས་ལས་ཀར་ཁ་ཕྱོགས་གསལ་པོ་ཡོད།

བཞི། ལས་ཆོད་གཞན་ལས་མཐོ་བ།

ཞག་གང་པོར་མི་གཉིད་པའི་མི་དག་ཉིན་དཀར་གཉིད་དེ་རྨི་ལམ་ལ་འགྲིམ་པའི་སྐབས་སུ། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་ཀྱིས་ཞོགས་པར་ལུས་སྦྱང་བྱེད་པ་དང་།ཞོགས་ཟས་བཟའ་བ་སོགས་ཀྱི་བྱ་བ་མང་པོ་ཞིག་སྔ་ས་ནས་བསྒྲུབས་ཚར་ཏེ། ཉིན་དེར་ངེས་པར་སྒྲུབ་དགོས་པའི་བྱ་བ་གལ་ཆེན་དག་འགོར་འགྱངས་མེད་པར་ལག་བསྟར་བྱེད་མགོ་རྩོམ་བཞིན་ཡོད།

ལྔ། སེམས་ཁམས་སྐྱིད་པ།

ཁ་ན་ཏའི་ཏོ་ལུན་ཏོ(加拿大多伦多)སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། ལོ་ཚོད་གང་གི་སྐབས་ཡིན་རུང་། ནངས་སྔ་ལངས་བྱས་ན་སེམས་ཁམས་སྔར་ལས་སྐྱིད་པོ་ཡོང་བར་མ་ཟད། རང་ཉིད་ལ་བདེ་ཐང་གི་ཚོར་སྣང་གསར་བ་བྱུང་སྟེ།བདེ་ཐང་གི་འདུ་ཤེས་གཞན་ལས་ཇེ་དྲག་ཏུ་འགྲོ་ཐུབ།

དྲུག སེམས་ནད་མི་འབྱུང་བ།

ཞིབ་འཇུག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་ཀྱིས་བྱ་བ་སྒྲུབ་པར་གོ་རིམ་ལྡན་པ་དང་། སྔོན་ནས་གྲ་སྒྲིག་ལེགས་པོ་བྱས་ཡོད་པའི་དབང་གིས་བྱ་བ་ཅི་ཞིག་སྒྲུབ་རུང་བྲེལ་འཚུབ་མེད་པར་སྒྲུབ་ཀྱིན་ཡོད། དེའི་ཕྱིར་ནམ་རྒྱུན་སེམས་ཁམས་དྭངས་ལ་སྤྲོ་སྐྱིད་ལྡན། དེ་ལས་ལྡོག་སྟེ་ཞག་གང་བོར་མི་གཉིད་པའི་མི་རྣམས་ལ་སེམས་མི་སྐྱིད་པ་སོགས་སེམས་ནད་ཀྱི་ནད་རྟགས་མང་པོ་མངོན་པ་རེད།

བདུན། ཀུན་དང་མཐུན་ཞིང་མི་ཚེར་དོན་སྙིང་ལྡན་པ།

ཞི་ཉི་སློབ་ཆེན(悉尼大学)གྱི་སེམས་ཁམས་རིག་པའི་སྡེ་ཁག་གི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་སྤྱིར་བཏང་གིས་ཀུན་མཐུན་ཡིན། ཞོགས་པའི་དུས་ཚོད་ལ་དམ་འཛིན་བྱེད་ཤེས་པའི་མི་དེས་རང་གི་མི་ཚེ་ལའང་འཆར་གཞི་བཟོ་བ་དང་དམ་འཛིན་བྱེད་ངེས་པས་མི་ཚེའི་དོན་སྙིང་རྙེད་ཐུབ། །

རྩོམ་གཞུང་མེ་ལོང་མ་ཁྲི་ལས་ཕབ་སྟེ། གནས་དབྱུང་བཏང་བཞོག་དགོས་པའི་རྒྱུ་མཚན་ཅིར་ཡང་ཡོད་མ་རེད་ལ། མ་ཟད་པར་དེ་ནི་དྲིན་ལན་ལོག་འཇལ་མི་སྡུག་པའི་སྤྱོད་ངན་ཏེ། འགྲོས་དང་སྒྲོམ་གཞི་ཅན་གྱི་རྩོམ་རིག་སྤྱིའི་འབྱུང་གནས་དང་། ཚད་ཐུབ་མཁས་པའི་ལམ་དུ་ཁྲིད་པའི་སྲོལ་རྒྱུན་གྱི་འཆད་རྩོད་རྩོམ་གསུམ་སྐྱོང་བར་བྱེད་པའི་དྲིན་པོ། ཚད་ལྡན་རྩོམ་རིགས་ཀྱི་མ་ཁུངས་ལྟ་བུར་ཆགས་བསྡད་པའི་ཕ་མ་དག་ཕྱིར་བསྐྲད་དེ། མཁས་ཤིང་སྤྱང་གྲུང་འཛོམས་པའི་བུ་ཚ་བཟང་པོ་དེ་འདྲ་གསོ་སྐྱོང་དགོས་ཟེར་བ་བཞིན་དུ་ཕྱིན་ཅི་ཁ་བསྒྲུབ་པ་རང་རེད།
རང་དགར་དེང་རབས་རྩོམ་གསར་ལ་ཞུགས་ཏེ། རང་རྩལ་ངོམ་འདོད་ན། རང་མོས་རྩོམ་དང་སྙན་ངག་ཅི་དགར་བྲིས་དང་དགའ་བསུ་ཡོད་རེད། མ་ཟད་པར་དེང་གི་སྒོ་མོ་བྱེ་བ་དང་ལྷན་དུ་དེ་ལྟར་ལོས་འདོད། ངས་ཀྱང་དེང་རབས་རྩོམ་གསར་གྱི་བྱུང་ཚུལ་ལོ་རྒྱུས་དང་བཅས་ཏེ། འབྲི་ལུགས་སོགས་གང་ལའང་བསྟུན་མི་དགོས་པར་རང་ཉམས་རྩལ་དུ་བཏོན་དགོས་ཚུལ་ཞིབ་ཁྲིད་བྱས་ཤིང་། དྲ་འཕྲིན་སོགས་ཀྱི་རྒྱབ་ལ་ཉེ་ཆར་བཞག་ཡོད།
སྤྱིར་སྙན་ངག་མཛེས་པར་བྱེད་པ་ལ་ལྷན་སྐྱེས་ཤེས་རབ་སོགས་རང་ལ་ཐུག་བསྡད་ཡོད་པ་མེ་ལོང་མ་ལས། དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས་ཞེས་ཀྱང་གསུང་ཡོད་རེད། དེས་ན་རང་ལུགས་གཞི་གང་ལ་བཟུང་སོ་སོ་ལ་དབང་བ་ལས། ཡོད་ཚད་ལམ་གཅིག་ཏུ་འགྲོ་དགོས་ཞེས་སུ་གང་གིས་མ་བསྟན་པའི་གནད་ཤེས་པར་བྱོས་ཤིག །

• གནའ་དེང་ཤེས་རིག་གི་རྒྱལ་ཁམས་པས།


发布     👍 0 举报 写留言 🖊   
✋热门推荐
  • 【双十一预售!【商品】:双十一预售!
  • わちゃわちゃフリートーク楽しすぎました休憩時に5人でやった人狼で泣いてたのも忘れるくらい楽しいイベントになりましたよ〜#バンドリ #Roselia #Rosel
  • 他买她回家,大床前他霸道宣布:“辛甘,不管你甘不甘,你都是我的女人。 他买她回家,大床前他霸道宣布:“辛甘,不管你甘不甘,你都是我的女人。
  • 傅首尔的人间清醒语录1、江湖规矩就是人走茶凉,默契散场,不要问,问就是不情规矩2、当孩子有100颗糖时她怎么会在意分享,可她只有两颗糖的时候你凭什么要求她大方3
  • “逆势增资,是因为我们看到了利用大数据等技术,发展共享模式‘智慧班车’的市场前景。半个月前,沈阳再次就贯穿全年的“振兴新突破 我要当先锋”专项行动进行推动部署,
  • 在这个区域里,还有一个专门跟血压有关系的点,这个点就是大拇趾根部内侧,就是我们说的颈项区,这个颈项区内侧正好在这个大脑的下边,假如我们的血压不正常,这个部位就会
  • 钟楚红19岁的时候便在母亲的鼓励下参与了港姐竞选,尽管并没有获得很好的名次,但还是让观众一眼就记住了这个漂亮的小女孩,甚至有不少观众称她为最美艳的港姐。#吴谨言
  • 最后一句:大家就好好去他的微博看他的解释吧,别再这恶意造谣伤害无辜的人了,这件事情因他起就让他自己慢慢去承受,他的事情就让他自己“毕”吧!大家都是磕糖的普通人,
  • #原神[超话]#自从魈有消息以后就开始想给魈冲满命,到有几命算几命,再到一命,最后到零命,是我从美梦转到现实,我当初还妄想一个版本我能攒180抽,但是我能做到的
  • 比如说没有经历过苦难的人,他一直生活在幸福之中,是在糖水中泡大的贵人,就很难体念到基层人们辛酸苦辣的滋味,如他担当重任,也往往会飘然不知所为,骄傲自得,目中无人
  • 这一天在街上碰到一个叫蹇叔的,蹇叔看他相貌不凡,因此请他吃饭,谈到时事,百里奚应对如流,蹇叔叹道:以你的才干却如此穷困潦倒,难道不是命吗?回到家后,蹇叔对百里奚
  • ”瞬间明白,她想让大灰狼把妈妈抓走[允悲],真是个好孩子感受下你的锁骨,一端连胸骨,一端连肩胛骨[doge]名字真跟 “锁”有关。好像禅师,即使兰花摔坏了不是自
  •  密宗認為人體遍佈無數脈道,但大圓滿法脫噶修行則著重應用其中心輪八瓣脈的系統,心輪有八瓣,每瓣各自再發出三脈,一共二十四脈,分別走向身體不同地方。 在脫噶修行中
  • 真的以后跟风要慎重一定要看清自己适合什么反正我这一共试了两次每次都五分钟内卸妆[跪了][跪了]还是润唇膏类型比较适合有唇纹且干的仙女们~#北京身边事##臻好吃#
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 男人疲倦的倚在院子里的竹椅上,夹在指缝的烟火忽明忽暗的渐渐的向指尖推进。男人疲倦的倚在院子里的竹椅上,夹在指缝的烟火忽明忽暗的渐渐的向指尖推进。
  • 给女宝宝取名:幼沅幼字是指年纪小,初出生的,小孩儿,也指对儿童爱好,如尊老爱幼,沅是指水名,古语有云“上善若水”用于人名引申为为人清白、正直,不管是待人待事都能
  • #写给阳光和你[超话]##情感语录##拒绝emo请你快乐##宝爸宝妈如何过七夕# 七堇年在《澜本嫁衣》里说:我的感情像是一杯酒 第一个人碰洒了 剩一半 我扶起来
  • 而且是中国首个获得欧盟认证的护肤品牌[强] #三草两木# ——⭕️ 健康水使用方法:舒安修护水使用方法1,替代爽肤水:洁肤后将舒安修护水浸湿纯棉质厚棉片2指宽面
  • 不要扯男性女性问题,所有女性有爱你们如性命一般的父亲,愿意为你们遮风挡雨,所有男性也有给予你们生命,艰辛怀胎9个月,冒着生命危险生下你们并养育你们的母亲!!!最