མ་ཡིག་རིག་པའི་འོད་ཟེར་དེ་བཞིན་ཉིད།།
ཐུགས་སུ་བཞད་ན་དམ་པའི་ཆོས་ཀྱང་ཡིན།།
སེམས་པར་སྤྱན་རེགཟིགསདབང་སྒོམ་པར་བྱེད།།
ཐམས་བཅད་མཐུན་ན་བརྩེ་བའི་རང་དབང་ཁྱབ།།

2024. 2. 21. ཉིན།

 ས་སྲོད་ཀྱི་སྡེ་གྲོང་།                 གཅན་མེ་སྟག

 གྲམ་གཞུང་སྐྱ་བོ་ཞིག     ཨུ་རུ་སིའི་དམངས་གཞས་ལྟ་བུའི།
རྐང་ལམ་གྱི་ཕ་མཐར་མངོན་ཞིང་།
ཆགས་སྲེད་དང་སྐྱོ་ཡུས་ཀྱི་རྨི་ལམ་ཅི་ཡང་མེད་པའི།
འཇམ་ཐིང་ཐིང་གི་སྡེ་བའི་གྱང་ར་རྙིང་བ་འགའ་ཞིག

ལྕང་སྡོང་རབ་རིབ་ཀྱི་ས་སྲོད་ཁྲོད་དུ་སྣང་།
ལོ་ཟླ་གང་ཞིག་གི་བརྩེགས་རིམ་ལྟ་བུའི།
རྡེའུ་དཀར་གྱི་རྡོ་འབུམ་ཡུན་གྱིས་མཐོ་རུ་རྒྱས་ཤིང་།
དུས་ཚོད་ཀྱི་བར་ཁྱམས་ཁོ་ན་རུ་ད་གཟོད་རྙེད་ཐུབ་པའི།
འབྲོང་མགོའི་འགྱུར་རྡོ་དཀར་པོ་རེའང་།
ངེས་མེད་དུ། 
 ཞིང་ཐེམ་གྱི་སྔས་སུ་བསླངས་འདུག

བྲེལ་དངངས་དང་འདུ་འཛི་དབེན་པའི་སྡེ་གྲོང་།
ས་སྲོད་ཀྱི་ཞིང་ལམ་དུ།  
ཁྱུ་ལས་གྱེས་པའི་ར་མ་ཁ་ཤས།
བག་ཕེབས་ཀྱི་གནས་ལ།
གཞིས་ཁྱིམ་རེ་གཉིས་ཀྱི་དུད་ཁུང་དམའ་མོ་ལས་འཕྱུར་བའི།
མནོ་བསམ་ལྟར་གྱི་དུ་བ་འཁྱོག་པོའང་།
རི་སྐེད་དུ་དལ་བུར་འཁྱིལ་འདུག 

ཐག་རིང་ནས་ཉན་དུས།
ལྕང་སྡོང་གོག་པོ་དག་གི་བར་གསེང་བརྒྱུད་ནས།
བྱ་ཕོ་དང་བོང་བུའི་སྐད་ཅོར་འདྲེས་མ་ཞིག
སྐབས་དང་སྐབས་སུ་ཐོས་ཐུབ་ལ།
རྫི་བོ་བྱིས་པ་ཚོའི་འུར་ཅོར་དང་དགོད་སྒྲ་རེ་ཟུང་ཡང་།
སྡེ་འདབས་ཀྱི་ལམ་བར་ནས་གྲགས་འོང་བ་ཐོས་ཐུབ།

ས་སྲོད།  
ངལ་བས་དུབ་པའི་གཉེན་མི་དག་གི་ས་སྲོད།
གསལ་ལ་མི་གསལ་གྱི་སྒྲོན་འོད་མང་པོས།
མཐའ་མཇུག་གི་བཤུལ་ལམ་ཅི་ཞིག་སྟོན་པ་བཞིན།
སྡེ་གྲོང་ལྷིང་འཇགས་ཀྱི་སྲང་བར་འགྲིམ་དུས།
སྔར་ནས་འདྲིས་ཡོད་ཀྱི་དྲོད་སྣང་ཞིག
ངའི་སེམས་ཁམས་སུ་ཡུན་གྱིས་བཞུར་ནས་བྱུང་།

འདས་མ་ཐག་པའི་དུས་རབས་ཉི་ཤུ་པའི་ནང་དུ་སྐད་རིགས་སྟོང་ཕྲག་གཅིག་ནུབ་སྟེ། སའི་གོ་ལའི་ཐོག་ནས་མེད་པར་གྱུར། ད་ལྟ་གཟའ་འཁོར་གཉིས་རེ་ཙམ་གྱི་ནང་དུ་སྐད་རིགས་གཅིག་རེ་ནུབ་ནས་མེད་པར་འགྱུར་བཞིན་ཡོད། མ་འོངས་པའི་ལོ་བརྒྱའི་ནང་དུ་འཛམ་གླིང་གི་སྐད་རིགས་བརྒྱ་ཆ་ལྔ་བཅུ་ཙམ་ནུབ་ནས་མེད་པར་འགྱུར་རྒྱུ་རེད། བོད་གངས་ཅན་པ། རང་གི་སྐད་ཡིག་ལ་སྲོག་བཞིན་དུ་གཅེས། མིག་བཞིན་དུ་སྐྱོངས། སྙིང་བཞིན་དུ་སྲུང་བར་མཛོད། འདི་ནི་མི་རིགས་ཧྲིལ་པོ་འཚོ་གནས་བྱེད་པའི་སྲོག་དང་། བླང་དོར་གསལ་བའི་མིག་དང་། བསམ་བློ་བརྟེན་སའི་སྙིང་རེད། འདི་མེད་ན་ཐམས་ཅད་ནས་ཐམས་ཅད་མེད་པར་འགྱུར་ལ། འདི་ཡོད་ན་སྲོག་གི་དབང་པོ་ནམ་ཡང་ཡོད་པས་ཅིས་ཀྱང་འབད་པར་འཚལ་ལོ།།


发布     👍 0 举报 写留言 🖊   
✋热门推荐
  • 回忆起自己一个月来的“减肥”经历,廖女士们向黑猫投诉工作人员哭诉:“我在该公司 “营养顾问”的“专业”指导和推荐下,先后贷款5万多元月购买该公司的减肥产品,但结
  • 黄金的投资需求可以分为实物黄金投资和虚拟黄金投资,因而也是重要的投资资产品种。黄金可用于日常消费和工业生产,具有很高的使用价值,成为国际大宗商品之一。
  • ”另一位记者Sandro Sabatini:“我仍然不相信他去米兰这个事情能成,虽然这个可能性确实存在,但我不知道如何操作才能实现,我现在想看看这件事情最终会如
  • 那就很恐怖了,我给大家重温一下之前的大跌或持续性低迷行情是怎样造成的:看图有没有发现?这说明主线行情可能还有反复,可能有反弹,想抄底的资金一堆,但也有可能多杀多
  •  他将大片的希望置身于暗淡的背影里,力图用空白给想象更多的余地,汹涌的描绘是他善用的武器,极致的烘托令人臣服。在 “红色·绿色·古色”多彩潇湘影像长卷作品展厅,
  • 你向阳而生,我就不会看到黑暗,只愿未来的日子,一路繁花相伴!你向阳而生,我就不会看到黑暗,只愿未来的日子,一路繁花相伴!
  • 非常怕肤感黏腻的姐妹快来~8款夏日必备「防护力高且防水防汗肤感好」的防晒安利[打call]排名不分先后各有优缺点,无广放心做功课[ok]✨Kose sprots
  • 方方方原创《夜宴》并作画(2021.7.16广州) 《夜宴》 这厢喜滋滋。 那边乐盈盈。 伊人吹玉笛(注) 老子弹钢琴。 李白击瓦缶。 济公摇金铃。 恣意並胡
  • 方方方原创《夜宴》并作画(2021.7.16广州) 《夜宴》 这厢喜滋滋。 那边乐盈盈。 伊人吹玉笛(注) 老子弹钢琴。 李白击瓦缶。 济公摇金铃。 恣意並胡
  • 不好意思,让你们见识一下,什么叫满级大佬屠新手村![dx耶]二十二世纪毒医学博士苏子余,毒术界的东方不败。 竟一朝穿越到几千年前的东周,成为了胆小懦弱、呆傻蠢
  • 感兴趣的来[牛哞哞]【天使合购】《トロピカル~ジュ! プリキュア ボーカルアルバム~トロピカる! MUSIC BOX~》CD专辑200元,还差40元 【天使合购
  • 【半仙转会消息】✍在疯传了一个多月后,目前并没有任何一家俱乐部对多特蒙德的哈兰德送出具体报价,切尔西也没有,皇马也没有,如果这种情况持续下去,多特蒙德将面临明年
  • #奥斯卡机场插队#最开始对奥斯卡或多或少有点偏见,改变我观点的是决赛夜第二天他从创造营离开,或许他知道现场几乎没有他的粉丝,但一样对我们表示感谢(不知道是不是真
  • 为了找出机器人在其中的位置,并进一步了解这对Fetch意味着什么,我们采访了Fetch的首席执行官Melonee Wise和Zebra机器人自动化副总裁兼总经理
  • ----------疫苗接种-----------截至2021年7月14日,全国各省区市累计报告接种新冠病毒疫苗141460.9万剂次,单日接种1259万剂次。
  • 而位于郊野公园园区东部、占地29.35亩的邢台展园,沿袭了中国传统造园理念,以中式建筑形态完美将我市国医药文化融入其中。邢台展园分别从园林、建筑、内装的设计中重
  • 设想一下,未来在微信上分享淘宝商品链接,再也不显示“火星文”在淘宝上购物,也可以使用微信支付……有人形容阿里巴巴、腾讯互相开放生态系统是“双向奔赴”但在各大公司
  • 涨钱了!漯河公布养老金调整方案!
  • 看到有人说排面,还是省省吧睡前今日总结:内娱总有头铁的不要脸狗野人,爱正主超过爱自己,本质i磕糖吧了,还是i磕工业糖,死皮不要脸,买热搜不是很欢吗?#张哲瀚晒抽
  • 这次她穿着婚纱来给他一个惊喜,成为了林峯最美的新娘张馨月温柔地喊着林峯的名字,甜甜地对她说着“我爱你”在她羞涩的呼喊后,问她愿不愿意做自己的帅气新郎。现在林峯有