࿐འུག་པ་ཞིག་གི་མཚན་མོ།
———————————མཚལ་སྙིགས།
མཚན་མོར་མུན་ནང་འུག་པ་ཞིག།
སུ་ཡིས་ཁེར་རྐྱང་བསྐྱུར་བ་ཡིན།།
མི་གཉིད་བཅེར་གྱིས་བལྟ་བ་འདི།།
སུ་ཞིག་སེམས་ན་སྒུག་ནས་ཡོད།།

སྒོ་མེད་སྐྱོ་བའི་བྲག་ཚང་ལ།།
མིག་མེད་ཡིད་འདི་བཅུག་ནས་སུ།།
དབུགས་རིང་བྲང་རྔ་བརྡུངས་པ་ནི།།
སུ་ཡིས་མི་ཚོལ་རང་སྡུག་ཡིན།།

རང་ཉིད་ཇི་ལྟར་སྐྱོ་བ་བཞིན།།
གཞན་ཞིག་དེ་རྗེས་བསྙེགས་འདོད་པ།།
རྨི་ལམ་སྤུན་ལ་གྱུར་སྲིད་ན།།
སྡུག་དེ་སུ་ཡིས་ཕྲག་ལ་བཀལ།།

ངལ་གསོ་རྨི་ལམ་ཞིང་འགྲིམ་དང་།།
མཛའ་བརྩེའི་འདང་འདུན་གཟབ་གྱུར་ན།།
དགའ་སྐྱིད་སྤྲོ་སྣང་ཉི་མ་ནི།།
མི་རིང་མྱུར་དུ་འཆར་ངེས་ཡིན།།

࿐ས་སྐྱ་ལེགས་བཤད་ལས།
སྐྱེས་བུ་དམ་པའི་མཚན་ཉིད་ནི་འདི་ལྟར་གསུངས་ཏེ།
བསྟོད་པས་དགའ་བར་མི་འགྱུར་ལ། །
སྨད་པས་མི་དགར་མི་འགྱུར་ཞིང། །
རང་གི་ཡོན་ཏན་ལེགས་གནས་པ། །
སྐྱེས་བུ་དམ་པའི་མཚན་ཉིད་ཡིན། །

࿐དམར་པོ་སྐོར་གསུམ་དུ་གྲགས་པའི་ནང་གི་ཀུ་རུ་ཀུལླེའི་གཟུངས་བཞུགས་སོ།།
བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །
ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །
མདའ་གཞུ་ཨུཏྤལ་ལྕགས་ཀྱུ་ཞགས་པ་འཛིན། །
བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །
ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཾ

སྭཱ་ཧཱ། །
རྒྱལ་སྲས་སྨོན་ལམ་གང་གཱའི་ཀླུང་རྣམས་ནི།།
དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར།།
གསུངས་ཕྱིར་དགེ་རྩ་ཇི་སྙིད་བསགས་པ་ནི།།
ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོ།།
དགེ་བ་འདི་ཡིས་མྱུར་དུ་བདག།
རིག་བྱེད་ལྷ་མོ་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཅིང་མ་ལུས་པ།།
དེ་ཡི་ས་ལ་འགོད་པར་ཤོག།


发布     👍 0 举报 写留言 🖊   
✋热门推荐
  • 话说今日医院如市场,人多到爆…[晕]下午努力工作呗,再遭吐槽估计要炒了吧~又继续被下任务,一日唔死都继续做,落班都唔敢走,阴公。隔夜美国股市重挫,这么早写复盘也
  • 粉色是幸运色上升/太阳⭐天蝎座今日你很有耐心,适合去做各种琐碎的、平凡的,或是需要重复的事情,即使不能获得荣誉,但是很多大事也是需要这样的小事去铺垫的。褐色是幸
  • [兔子]杯子控的我,分享我的心头宝,杯子专业户,每个颜色都想拥有你能理解我么#好物推荐##好物分享# -泰迪珍藏这只小熊水杯超可爱 少女心爆棚也有斜挎背带~容量
  • 曾在西班牙马德里竞技队梯队留洋,2016年加入广州恒大,随队获得3个中超冠军和1个足协杯冠军,2020年转投山东泰山,又随队获得双冠王。曾在西班牙马德里竞技队梯
  • 废掉了的半天[并不简单][并不简单][并不简单]今天重新听到这首歌[给你小心心]之前估计是没有太大的感觉的现在真的单曲循环了一天~姐还夸我变温柔了(害羞我继续加
  • 【生辰八字预测财运】1、测八字财运的入门方法想用生辰八字来预测财运,先要了解生辰八字中的十神,为了方便大家理解而不混淆,下面只举十神财来讲解,官杀、食神、伤官、
  • #子闲问宝[超话]#手搭在树枝死活狠不下心撅一束下来想着它在我临时的花瓶凋零的模样各种于心不忍等夏天花败上秋再送我一颗果子吧美丽的东西都应该是美好鲜活的我改不了
  • 【元宵节(上元节)】 元宵节,又称上元节、小正月、元夕或灯节,为每年农历正月十五日,是中国春节年俗中最后一个重要节令。 正月是农历的元月,古人称“夜”为“宵”
  • 事业财运:你八字身弱,财旺食伤旺,帮扶七杀旺势,七杀耗身严重,且八字财旺克印,说明财对你没有帮扶作用,反而麻烦不断,特别是不能盲目投资,容易财来财去得不偿失,庚
  • 但唱到「朋友啊,我们于彼岸再会吧,再度露出明朗的笑颜吧,彷如那遥远的相逢之时」时却笑得好纯粹好明亮啊,最后唱到「啊啊,我的人生,完全没有一丝后悔,只因贯彻这样的
  • 在此遗赠协议中,王大爷声明:若郑阿姨若能照顾自己终身,那么在自己过世之后,名下的房产将由郑阿姨继承。该份遗嘱同样表示,“鉴于杨娴琦已与刘高达生活17年之久,两者
  • 】#小象莫莉[超话]##小象莫莉[超话]#把笔插在小象鼻子里面,逼迫小象画画,只要是个人都知道鼻子是用来呼吸的,这是有多么丧尽天良,为了钱不择手段。小象挨了多少
  • 形状記憶してくれるので、ぽこっとしたシルエットになったりくしゃくしゃにしたりできるんですっさらにさらに、きらんきらんのニットとサンダル✨おっきいおもちゃみたいな
  • 特别是张铎的父母强烈反对这门亲事,他们不明白,年轻帅气的儿子,为什么要找一个比自己大8岁的女人。”一开始面对他的追求,陈松伶是拒绝的,不是因为名气,而是因为张铎
  • 最近人生道路焦虑了要…我对未来有过很多构想,虽然只有一个模糊的影子,可我一直相信,到那一天,我一定是权衡了各种选项,做好了充裕的准备,坚定地走向自己的梦中情路。
  • 它明明属于我,却又适合别人,那个不适合的人大概连硬气一下的资格都没有吧隔离到现在二十天左右了 小蓝第一次响。真的是色字头上一把刀关于为什么我这个点还不睡觉而且八
  •   思念的时光,让两个相聚千里的人,心中多出了一份淡淡的牵挂;在思念的时光里,深深说一声想念,无论你知不知道,只盼你眼中有笑。#任嘉伦[超话]#[蛋糕]#任嘉伦
  • 虽然说现在两个人的婚姻生活非常的幸福,但仍然有人不看好这对夫妻的婚姻,因为他们认为虽然两人到目前为止生活得都很幸福,但是按照现在的情况来看,当他们的小儿子大学毕
  • 早上好呀[举手]✨B站单人cover加 目标弹幕:1.5w 目标评论:5.5k物料回️ 捞、铺弹幕收藏「朱志鑫」话题进入话题内完播视频>5min并点3个视
  • ​​​​点赞就是最好的支持[汗][汗][汗]有从山村走出来的行政人有天津富二代博士有玩咖有辍学艺术生复读本硕支教有传统女性毕生理想相夫教子他们是我认识的不同人