གླུ་མ་པད་མཚོའི་ཆེད་བསྒྲིགས་གསར་བའི་བརྡ་ཁྱབ།

https://t.cn/A6Mj8amn

ལྷན་རྒྱས་ཁམས་བཟང་། ང་པད་མཚོ་ཡིན།
ད་ཐེངས་ང་རང་གི་ཆེད་བསྒྲིགས་ཐོག་མ།༼རྨི་ལམ་ནང་གི་འབྲོག་མོ།༽ཞེས་པ་ལེགས་འགྲུབ་བྱུང་ཡོད། ཡིན་ནའང་ཆེད་བསྒྲིགས་འདི་ནི་ང་རང་གིས་སློབ་ཞོར་ལས་ཀའི་ཁྲོད་ནས་གྲ་སྒྲིག་བྱས་པ་ཞིག་ཡིན་ལ་མི་འདང་ས་དང་ནོར་འཛོལ་འཆུག་གསུམ་གྱི་ཆ་གང་མང་ཞིག་ཡོད་ངེས་པས་ལྷན་རྒྱས་ནས་དགོངས་འཆར་གནང་རོགས་ཞུ། ད་དུང་ངས་མུ་མཐུད་ཏུ་རང་གི་དགའ་ཕྱོགས་གཙོ་བོར་བཟུང་ཞིང་རང་མི་རིགས་ཀྱི་སྲོལ་རྒྱུན་དབྱངས་རྟ་ལ་གཞི་བཅོལ་ནས་ཕ་སྐད་གཙང་མའི་གླུ་གཞས་ཡག་པོ་རེ་ཨེ་འཁྱོང་ལ་འབད་པ་བྱེད་ངེས། མཇུག་མཐར་གདུང་རྒྱུད་གཅིག་པའི་སྤུན་ཟླ་ལྷན་རྒྱས་ནས་ང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གང་མང་གནང་རྒྱུ་བཀའ་དྲིན་ཆེ་ཞུས་པ་ཡིན།✌️

༼སྣང་བ་རང་ཡན་པ། ༽
བྱ་ཁྱུ་བར་སྣང་དུ་ལྡིང་།
གཤོག་སྣེ་སྤྲིན་པའི་པང་ལ་རྡེག
སྨྲེང་བ་ཁྱེར་བའི་རླུང་བུ་དང་འགྲོགས་ནས།
གང་ལ་འཕུར།

ཞེ་འདང་གི་ནམ་མཁའ་སྔོན་པོ་དེ།
ཉི་ཟླའི་དྲོད་འཁོལ་འཁྱིལ་ས་ཡིན།
དྭངས་གཙང་གི་སྤྲིན་གྱི་བང་རིམ་དེ།
འཁྱགས་རོམ་གྱི་མུ་ཏིག་ལྷུང་ས་ཡིན།
མཐའ་ཡས་པའི་བར་སྣང་སྟོང་བ་དེ།
འཇའ་རིས་ཀྱི་གུར་ཁང་ཕུགས་ས་ཡིན།
ཆགས་རིམ་འདི་སྲིད་ཀྱི་བདེན་པ་ཡིན་ནམ།

ལྡེབས་རིས་སུ་གསལ་བའི་ཐིག་རིས་གྱ་གྱུ་དེ།
བཟོད་པར་དཀའ་བའི་དྲན་གདུང་གི་ཚོར་འདུ་འདྲ།
དོ་མི་མཉམ་པའི་དབྱངས་ཀྱི་འགྱུར་ཁུགས་འདྲ།
མཚོ་ཆེན་པོ་དེ་དག་མིག་མཐའ་ནས་ཟགས་པའི་མཆི་མས་བསྐང་ངམ།
རི་མཐོ་བོ་འདི་དག་ཡ་ཆུང་ནས་ཤོར་བའི་དབུགས་རིང་གིས་བཏེགས་སམ།
སྐྱིད་སྡུག་དེ་ཁ་དོག་ཡིན་ན།
འཚོ་བ་འདི་མངར་ལ་སྐྱུར་ན།
ལྡེབས་རིས་དེ མ་གཞི་ནས་ཆོས་ཉིད་ཀྱི་འགྲེལ་བ་ཞིག་རེད།

དབུགས་རྒྱུན་སྐད་ཅིག་ལ་ཡལ།
སྣང་བ་སྐད་ཅིག་ལ་འཁྲུལ།
རེ་དོགས་ཐར་ཐོར།
རླུང་གིས་ཁུར་བའི་ལོ་མར་འཁྱུད།

ཡོད་ཚད་བཞུད་ཚར་བ་ན།
མཛེས་སྡུག་ཡོངས་སུ་བལྟམས་དུས།
གཏིང་ན་ལྷག་པ་དམར་ཆུང་གི་སྙིང་རེད།

ཤེས་པས་ཟིན་པའི་དྲན་པ་མཐའ་དག་རབ་རིབ་ལ་འགྱུར་དུས།
ཞེན་ཆགས་ཀྱི་སྣེ་མོ་ཟད།
དྲན་པ་དང་སྨྲ་སྒོ་འགག་ཡོད།

ཁྱོད་རི་རྩེ་ལ་ཡོད་དུས།
ང་རི་འདབས་སུ་ཡོད།
ཁྱེད་ཀྱིས་ཉི་མར་ལྟ་སྐབས།
ངས་ཟླ་བར་རག་གིན་ཡོད།
སྐར་ཚོགས་དེ་བར་ཐག་དང་དུས་ཚོད་བར་ལྷུང་བའི་མཛེས་སྡུག་གི་མངར་ཁ་ཡིན་ཆོག
ཚིག་གི་རི་མོ་འདི་ཆོས་ཉིད་བརྡར་བའི་བསམ་གཞིགས་ཀྱི་ཐིག་ཤིང་ཡིན།

འཁོར་བའི་ལམ་ན་ལན་ཆགས་ཁུར་བོ་མང་།
དམྱལ་བའི་འཕྲང་ན་འཇིགས་སྐྲག་སྡུག་བསྔལ་མང་།
འཇིག་རྟེན་ཁམས་ན་ཁྲ་ཁྲ་རིག་རིག་མང་།
རྨི་ལམ་ཞིང་ན་བདེན་པ་གཅིག་ཀྱང་མེད་།
འཇིག་རྟེན་འཁོར་བའི་ལས་ལ་ཡིད་རེ་སྐྱོ།
གཟིམས་བདེ། https://t.cn/EX9om4i


发布     👍 0 举报 写留言 🖊   
✋热门推荐
  • 壮锦壮文称为mbaw laiz fax,意为天纹之页,这种利用棉线或丝线编织而成的精美工艺品,图案生动,结构严谨,色彩斑斓,充满热烈、开朗的民族格调,体现了壮族
  • 手を繋いで走ろうよ)・巡り会えてよかった:「campanula」(咲かせようよcampanula、巡り会えてよかった)欢迎补充纠正‍♀️【新闻】高橋ひかるが『黒
  • 坐地铁去✈️也是非常滴丝滑,yy带我勇闯3号线哈哈哈哈和桃、y帮助一个歪果仁找路所以耽误去等位置喽,但是也是lucky找到个不错的视角位置(虽然没接到)总之就是
  • 惑而不从师,其为惑也,终不解矣。古之圣人,其出人也远矣,犹且从师而问焉;今之众人,其下圣人也亦远矣,而耻学于师。
  • Do you want to improve your child's English? Do your children need summer class
  • 且新车搭载的是全球十佳发动机系列,可输出最大功率202kW,最大扭矩405N·m,零百加速7.1s,对于一款比汉兰达还要大的产品来说,这般表现已十分不错,可以说
  • ——吉利是少有没咋卷进车展流量池的,但产品是真多元真稳,银河星舰是少有的重磅概念车——上汽、广汽自主,存在感稍弱些,看到一些转型的诚意——长安,朱华荣如此抛头露
  • #刘宇宁开始推理吧# #刘宇宁南珩离十六# #摩登兄弟[超话]# 我願以滿天星光䁬與予你,只願你平安快樂@摩登兄弟刘宇宁 ❄️❄️❄️❄️❄️❄️
  • 从我入市以来,特别是最近十几年,中国股市一个最明显的特征,就是看美国股市炒股,如果是跟涨也跟跌,担负“跟屁虫”的角色,也可以理解;偏偏反着走,跟跌不跟涨,美国
  • 【5.13日生肖运势预告】 有没有还没加鑫VX的童鞋啊?可以私信鑫获取号码,未来多联络。 肖鼠:今日运势小吉,会有担当,得到认可,稳定发展,希望很大。职场中
  • 但是其实我对这个evol的使用并没有实感它不像其他的是可触摸的存在今天pv讲解让他evol的存在更加迷人了而不同形态下的光也不一样可以温柔浪漫,可以利刃尖锬,可
  • 道教认为,人身难得,而人在投胎转世之前是要问天曹地府借本钱的,培植自己的福慧资粮,因此每一个人出生后才有粮吃有衣穿有钱花等等福报,而人在世上如不行善事,祖宗留有
  • ”  可我的手从她身上穿了过去,我又忘了,我只是一缕游魂。”  可我的手从她身上穿了过去,我又忘了,我只是一缕游魂。
  •   在此之前,江诗丹顿曾以中国玉文化为灵感,打造过一款“帝王绿”盘面的传袭系列陀飞轮腕表,只不过那时候搭配的是18K玫瑰金材质,而且还只是限量款。   01
  • 虽然个人亲子鉴定的委托流程相对简单,但是个人亲子鉴定使用的仪器、试剂盒以及检测的方法和司法亲子鉴定的完全一致。虽然个人亲子鉴定的委托流程相对简单,但是个人亲子鉴
  • #艾芙花园[超话]# 接定制 本轮六人IVE 5. 11wm和5.12sw以及接下来的瑞怜场次也接后续场 画签卡定制 不中全退 需要tq 金秋天定制签卡 安宥真
  • 功效:三七粉与西洋参粉搭配服用,一方面三七可化瘀通络,另一方面,西洋参可气阴双补,这对心脏是一个全面的养护。之所以这样吃,是因为西洋参其独特之处在于不热不燥,可
  • 本想自己留着纪念一下奈何要交上去你是我第一位患者如今的进步 ,我很是欣慰有些缘分就是这么神奇你估计也没想到会遇到我吧我也没想到你会跟我治疗这么久对于生命中特殊的
  • 如果是报恩的,把他杀掉了,变成仇人了;如果他是报仇的、抱怨的,把他杀掉了,仇就加重了、加深了;要是来讨债的,不但不还债,还要他的命;是还债的,不接受他还,把他杀
  • [太阳]#刘宇宁天行健# [太阳][太阳]#刘宇宁卓不凡#[太阳] [太阳]#摩登兄弟[超话]#[太阳] 刘宇宁卓不凡⚡刘宇宁天行健如果有人问我为什么爱上你