【ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཡི་འཇར་མན་གྱི་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།】ཟླ10བའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》ཡི་འཇར་མན་གྱི་ཡི་གེའི་པར་གཞི་དེ། ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པའི་སྐོར་གླེང་བ》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བའི་རྩོམ་ཡིག་གལ་ཆེན85བསྡུས་ཡོད། དེབ་དེའི་འཇར་མན་ཡི་གེའི་པར་གཞི་དང་དེ་སྔོན་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སེའི་ཡི་གེ འཇར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རིའི་ཡི་གེའི་པར་གཞི་བཅས་ཀྱིས་ཕྱི་རྒྱལ་གྱི་ཀློག་པ་པོ་རྣམས་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པའི་འདུ་ཤེས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་བྱེད་ཕྱོགས་སྲིད་ཇུས་སོགས་ལ་གོ་བ་གཏིང་ཟབ་ལོན་པར་དོན་སྙིང་གལ་ཆེན་ལྡན། །

【བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་པོ་བརྒྱད་ཀྱི་བཅོས་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།】བདེ་སྐྱིད་ལྡན་ལ་བཀྲ་ཤིས་པའི་རོལ་དབྱངས་ཁྲོད་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོས་ཕོ་བྲང་པོ་ཏ་ལའི་འདབས་སུ་གཉེན་སྒྲིག་ཀྱི་མཛད་སྒོ་སྤེལ་ཤིང་གར་སྟེགས་ཀྱི་ཡོལ་བ་རིམ་བཞིན་མར་ལྷུང་། ཉེ་སྔོན། བཅོས་སྒྲིག་བྱས་པའི་སྲོལ་རྒྱུན་ཟློས་གར《རྒྱ་བཟའ་ཀོང་ཇོ》ཡི་ཐོག་མའི་འཁྲབ་སྟོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་ངོ་སྤྲོད་ལྟར་ན། ལོ་བརྒྱད་རིང་འབད་བརྩོན་བྱས་པ་བརྒྱུད་ཟློས་གར་ཚོགས་པའི“བོད་ཀྱི་ཟློས་གར་ཆེན་པོ་བརྒྱད”ཀྱི་གྲངས་འཛིན་ཅན་དང་གར་སྟེགས་ཅན་གྱི་བརྙན་པར་དཔྱད་གཞི་ཉར་ཚགས་བྱེད་པའི་ལས་དོན་ཁག་དྲུག་ལེགས་གྲུབ་བྱུང་ཡོད།
བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི་ཟློས་གར་ལ་ད་ལྟའི་བར་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་པ་དང་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་པའི་མཚན་སྙན་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་ཡོད། དེའི་ནང་བོད་ཀྱི་སྲོལ་རྒྱུན་ཟློས་གར་ཆེན་པོ་བརྒྱད་ཀྱི་འཁྲབ་གཞུང་ད་ལྟའི་བར་རྒྱ་ཁྱབ་ཏུ་གྱུར་ཡོད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པས《པད་མ་འོད་འབུམ》དང་།《ཆོས་རྒྱལ་ནོར་བཟང》《འགྲོ་བ་བཟང་མོ》《སྣང་ས་འོད་འབུམ》《གཟུགས་ཀྱི་ཉི་མ》《རྒྱ་བཟའ་ཀོང་ཇོ》བཅས་ཀྱི་བཅོས་སྒྲིག་གི་ལས་དོན་ལེགས་འགྲུབ་ཟིན་པ་དང་། 2022ལོར《དྲི་མེད་ཀུན་ལྡན》གྱི་འཁྲབ་གཞུང་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱ་རྩིས་ཡོད་པ་དང་། 2023ལོར《དོན་ཡོད་དོན་གྲུབ》བཅོས་སྒྲིག་བྱ་རྒྱུ་རེད།
སྲོལ་རྒྱུན་ཟློས་གར《རྒྱ་བཟའ་ཀོང་ཇོ》བཅོས་སྒྲིག་བྱས་པའི་འཁྲབ་ཁྲིད་པ་གཡུ་སྒྲོན་གྱིས1999ལོའི་པར་གཞིའི་རྨང་གཞིའི་ཐོག པར་གཞི་གསར་པས་དུས་རབས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་ལྷ་མོའི་ཟློས་གར་ཀྱི་ཁྱད་ཆོས་མངོན་པར་བྱས་ནས། གར་སྟེགས་མཛེས་རྩལ་དང་འཁྲབ་ཆས། གློག་འོད། ཞབས་བྲོ།རོལ་དབྱངས་སོགས་ཀྱི་ཐད་ཇུས་འགོད་གསར་རྐྱང་བྱས་ཏེ། ཟློས་གར་གྱི་སྒྱུ་རྩལ་རང་བཞིན་དང་ལྟད་མོའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་ཅེས་བཤད།
གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དེང་རབས་ཟློས་གར་སྒྱུ་རྩལ་འགྲེམས་སྟོན་གྱི་ཐབས་ལམ་དངོས་ལ་བརྟེན་ནས་གནའ་བོའི་ཟློས་གར་སྒྱུ་རྩལ་ལ་དུས་རབས་ཀྱི་ཉམས་འགྱུར་གསར་པ་མངོན་པར་བྱས་ཏེ། དེང་རབས་གཞོན་ནུ་ལོ་ཆུང་སྔར་བས་མང་བོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་དགའ་ཞེན་བྱེད་པ་མ་ཟད། ཡུལ་དངོས་སུ་བོད་རྒྱ་སྐད་གཉིས་ཀྱི་ཡིག་བརྙན་དུས་མཉམ་དུ་མངོན་པའི་བྱེད་ཐབས་བརྒྱུད་ནས་ལྷ་མོའི་ཟློར་གར་ལ་དགའ་ཞེན་ཆེ་བའི་མང་ཚོགས་རྒྱ་སྐྱེད་དུ་བཏང་བ་རེད། །

【ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོར་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།】ཚེས20ཉིན་གྱི་ཕྱི་དྲོར། “རྒྱང་སྐྱོད་ལམ་བུ་གསར་པའི་ཀྲུང་གོ བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། གོང་འཕེལ་ཁྲོད་ཀྱི་རྣམ་པ་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོར་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཚང་མས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་དེ་རིང་དེ་བས་དར་རྒྱས་ཡར་ཐོན་དང་། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ། གདེང་ཚོད་ཆེ་ཞིང་སྒོ་མོ་དབྱེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་འཆར་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་པ་དང་ལས་གནས་ལ་གཞི་ཚུགས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་པ་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ལ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་མཉམ་དུ་འགོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

“དེ་རིང་གི་ངོ་སྤྲོད་བྱེད་སྒོའི་ཐོག‘བོད་ཀྱི་སྤུས་རྟགས’མང་དག་ཅིག་འཛམ་གླིང་ལ་ངོ་སྤྲོད་གཏིང་ཟབ་བྱས་ཏེ་བོད་ལྗོངས་དང་འཛམ་གླིང་དབར་མཉམ་ལས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་པ་དང་། བརྩེ་བ་ཟབ་མོ་བཅངས་པའི་ཕ་ཡུལ་འཛམ་གླིང་ཡོངས་སུ་མངོན་པ་མཐོང་སྐབས་ང་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་ཟླ་ཚེ་རྡོ་རྗེས་ལག་ཐོགས་ཁ་པར་བརྒྱུད་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོའི་ཐད་གཏོང་ལྟ་གིན་དེ་ལྟར་བཤད།

འདི་ལོ་ལོ་30ལ་སླེབས་པའི་ཟླ་ཚེ་རྡོ་རྗེ་ལྷ་སར་སྐྱེས་པ་དང་ཆུང་དུས་ནས་ཕ་མེས་ཚོའི་ཤུགས་རྐྱེན་འོག་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད། ལོ་7ནས་བཟུང་ཐང་ག་བཞེངས་སྟངས་སྦྱངས་རྗེས་ཐང་ག་འདི་ཉིད་ཁོང་གི་མི་ཚེའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ནས་ད་ཆ་ལྷ་སར་ཐང་ག་བཟོ་རྩལ་གྱི་ཐོན་རྫས་ཚོང་ཁང་ཞིག་བཙུགས་ཡོད་ཅིང་། ཁོང་གིས“ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱིས་བོད་ཀྱི་ཐང་གའི་སྲོལ་རྒྱུན་སྒྱུ་རྩལ་དེ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ངོ་སྤྲོད་བྱེད་སྒོའི་ཐོག འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དང་བོད་ལྗོངས་འཛམ་གླིང་དང་མཉམ་འདྲེས་བྱེད་པའི་འབྲེལ་ཟམ་བཙུགས་ཡོད་པས་མི་དེ་བས་མང་བས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དེ་བས་དོ་ཁུར་གང་མང་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

“ངོ་སྤྲོད་བྱེད་སྒོ་འཛམ་གླིང་ལ་ཕྱོགས་པ་དང་ས་མཐོའི་ས་གཞི་ཆེ་མོར་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་མངོན་ཡོད”ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་དྲ་ཐོག་ནས་བལྟས་རྗེས། ཧྲང་ཧའེ་ཧྭ་ཏུང་དགེ་འོས་སློབ་ཆེན་ལུས་རྩལ་དང་བདེ་ཐང་སློབ་གླིང་གི་འབུམ་རམས་པ་ཀྲུའུ་ཡ་ཁྲེང་གིས་ལོ་ངོ་70ཡི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བོད་ཀྱི་ལུས་རྩལ་དང་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དེས་ཕྱི་རོལ་ཡུལ་དུ་ལུས་སྦྱོང་བྱ་རྒྱུར་དགའ་པོ་བྱེད་མཁན་མང་པོ་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ང་ཚོས་ངོ་སྤྲོད་བྱེད་སྒོ་གོ་སྐབས་གསར་པར་བྱས་ཏེ་གྲོགས་པོ་དེ་བས་མང་བས་བོད་ལྗོངས་རྒྱུས་མངའ་ལོན་པ་དང་བོད་ལྗོངས་སུ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འབྱུང་འགྱུར་བོད་ལྗོངས་ཀྱིས་ལུས་རྩལ་དང་ཡུལ་སྐོར་རྣམ་གྲངས་དང་ཡུལ་སྐོར་ཐོན་ཁུངས། དམངས་སྲོལ་གོམས་གཤིས། སྲོལ་རྒྱུན་རིག་གནས་བཅས་ཕན་ཚུན་མཉམ་འདྲེས་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། །


发布     👍 0 举报 写留言 🖊   
✋热门推荐
  • 众所周知,肝脏一直都是我们非常重要的内脏器官之一,其本身的功能也非常强大,只是对自己的保护比较脆弱,在分解毒素和一些有害的垃圾时,很容易受到伤害,不过,这种伤害
  • 要根据严重程度的不同进行合理的选择:1️⃣在鼻翼缘放置移植物矫正轻度鼻翼缘退缩,方法是在鼻翼缘前端做一个切口,然后分离出一个腔隙,再将移植物填入腔隙并缝合。2️
  • 在生小孩之前,奚梦瑶就想生一个男孩,她直言:“不是都说男孩会像妈妈?所以我想要个男孩,没想到,生下了还是像他(何猷君)一些。因为她的丈夫在经营一家工厂,每天的午
  • 清康熙中叶,在清政府“民人有情愿煎盐发卖者,听其自行贸易,不许豪强霸占”的盐政促动下,奉天盐产量大增,因此也为黑龙江提供了便利,自此时起瑷珲百姓主要食用奉天盐。
  • 近些年,在焦化废水深度清理行业,科学研究与运用较多的是超滤膜-ro反渗透的双**焦化厂废水处理工艺, 经超滤膜-ro反渗透清除后的焦化废水, 出水量合乎工业生产
  • 现在想想一切事情缘起肯定是有原因的,有可能前世我们本就是债主关系,他此生这样无耻的做法,源于前世我欠他的,他这样做其实是在讨债。作为一个中国台湾人,在遭遇新冠疫
  • 因为臭宝说上新了一款咖啡风味的生啤想我去试一下!12度的啤酒喝着喝着就上头了[晕]还试了一款巧克力牛奶风味的啤酒!
  • 这也给了我很大的力量,让我有勇气去追寻自己的热爱,一步步成为更好的自己。十五年的陪伴,我很幸运,你的鸟巢,我都是八万分之一。
  • #Ceciel塞夏[超话]#夏夏歌单扩展ing,我现在才想起来,我两天的歌单没发,那今天就一起吧。今晚的小冤家真的可爱死我了,赤怜的戏腔惊艳我了,悄悄指路:02
  • !!
  • 怎么硕呢~ 平时经常会接到一些私信说因为某某原因(比如拉屎多、长大了没地方、不送走会被吃掉之类的)自己或者亲戚 / 朋友养的鸭子/鸡/鹅之类的养不了了,随便送去
  • 作者在《中国画艺术十二讲》一书中,品评了八大山人、戴本孝、虚谷、吴昌硕、齐白石、黄宾虹、林风眠、潘天寿、李可染、李苦禅、赖少其等十二位艺术大师的艺术风格和绘画技
  • 目前已相继在上海、深圳开设新空间,在与成熟艺术家(尹朝阳、李津、李继开等)合作之余,继续深耕与开拓年轻艺术家群体,在新水墨、新雕塑、装置及抽象等领域发现中国当代
  • 不要用自己的时间去见证别人的成功,愿你走过的所有弯路,最后都成为美丽的彩虹。你不相信是你的事,你说你留下来做他粉丝,就搞笑了,你不相信他,还要守着他可怜他,不矛
  • 过于热烈的东西,往往容易流于平淡。然而,在平淡如水的日子里,熠熠生辉地活着,又何尝不是生命价值的最好体现。
  • 具有这种手形,有卓越的思想力,强力的求知欲,为人处事讲究原则,珍惜自己的荣誉,适合从事理智型职业。手相算命,人的手掌形态各异,其代表的各种性格,性格对人生的影响
  • “松”不是男孩名字取名才可使用的,同样可用在女孩名字里,能表现出坚定的信念。“萱”带草头,在取名中适合作为女孩的名字,取名“萱萱”不仅能作为乳名使用,还可作为正
  • 亲爱的肖战先生,生日快乐明年的生日我还要陪你一起过[掌宝爱心][掌宝爱心]@X玖少年团肖战DAYTOY毕竟在挽回过程中会遇到很多的挫折,前方等着你的还有很多困难
  • [二哈][二哈]第一次画舅舅[泪]非常努力了想要做成无料有没有小伙伴互无料的[哈哈][哈哈]还会练练再多搞点(希望小伙伴们看看我!超话头像出处@小羊西普 欢迎关
  • 综上所述,今天大盘探明短期低点,明天延续反弹走势,能否展开大幅反弹,还需观察,通过对技术面等方面的分析,本次反弹是向3680点一带的反抽,不管是什么,都需要有权