ཚ་བ་མདའ་སྨྱུག་ལགས་ཚིག་གི་མཚོན་ཆས་དམར་གསོད་གཏོང་ཨེ་ཐུབ་ཐུབ་ལ་འབད་པའི་མི་དེ་དག་གི་དམིགས་ཡུལ་གང་ཡིན་བཤད་ཚོད་མི་ཐིག་པ་ཞིག་རེད་མོད། ཆོས་ལུགས་དང་མཚན་ཉིད་རིག་པ་འདྲེས་བསྡད་ཡོད་པའི་རྙོག་དྲ་ཞིག་དང་འབྲེལ་བ་མེད་དམ་སྙམ། བདེན་པ་དང་གནས་ལུགས་རྒྱུ་མཚན་སོགས་བཤད་ཡོང་དུས་ཆོས་དང་མི་མཐུན་ན་སྙིང་པོས་དབེན་ཞེས་དམོད་པ་བྱེད་ཅིང་། མཐུན་ན་ནི་ཆོས་སུ་སོང་བ་ཙམ་ལས་ཅང་མ་རེད་ཟེར་ནས་ཕལ་བར་འཇོག

དོན་དུ་ལུང་པ་འདིར་རིགས་པ་དང་གནས་ལུགས་རྐྱང་རྐྱང་ཞིག་བཤད་ས་མེད་པ་འདྲ། ལུང་པ་གཞན་དག་ཏུ་ཆོས་དང་མ་འབྲེལ་བར་མིའི་རིགས་ཀྱི་བསམ་བློ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བར་ཕན་གདགས་པར་བྱ་བའི་མི་ཡི་གྲུབ་མཐའ་ཤིན་ཏུ་དར་ཆེ་བ་མིན་ནམ། ཁྱོད་ཀྱིས་ཚ་བ་མདའ་སྨྱུག་གི་རྩོམ་རེ་ཟུང་བཀླག་མྱོང་ངམ། དེ་ནི་མདའ་སྨྱུག་ཁོ་རང་གི་གཉུག་མའི་སེམས་དང་མི་ཚེའི་ཚོར་བ། འདོད་རྔམ་དང་བརྩེ་དུང་གིས་ཁྱབ་བསྡད་པ་ཞིག ། དེ་བཞིན་དུ་མིའི་རིགས་དང་སྒོས་སུ་བྱང་ཕྱོགས་ཁ་བ་ཅན་གྱི་རིགས་ཞེན་དང་ཤ་ཚ་ཡི་དབུགས་རྒྱུན་དྲོད་སོབ་སོབ་ཅིག་གིས་འཐམ་འཁྱུད་བྱས་བསྡད་པ་ཞིག་ཀྱང་ངོ་། །
དོན་དང་མཐུན་པའི་རང་དབང་གི་ཁོར་ཡུག་ཅིག་ནི་གཞིས་བཞུགས་ཀྱི་བོད་མགོ་ནག་ཚང་སྤྱི་ཡི་བགོ་སྐལ་ལ་མ་ཐོབ་ནའང་། རིག་གཞུང་གི་ཐད་ནས་རྣམ་དཔྱོད་ལྡན་པ་ཁོ་རང་གི་བསམ་པའི་འཁེར་སོ་ཅུང་ཟད་བརྗོད་དེ་འུ་ཅག་དང་བློས་གྲོས་བསྡུར་བ་འདི་ལགས་ན། ཚང་མ་མི་ཡིན་པ་འདྲ་འདྲ་ཡིན་བཞིན་དུ་ཁོ་རང་གཅིག་པུ་ནི་སྡིག་ཆེན་རྭ་ཅན་དང་མཆེ་ཅན་ཞིག་ཏུ་མཐོང་དགོས་དོན་གང་ཡང་མི་འདུག མདའ་སྨྱུག་དང་དགེ་ཆོས་ལྟ་བུ་ནི་ཅུང་ཟད་ཙམ་གྱིས་སྐྱོ་བར་མི་འགྱུར་ལ་ཁྲོ་བར་ཡང་མི་འགྱུར་བའི་སྐྱེ་བུ་ཆེན་པོ་བློ་ཁོག་དང་ལྡན་པ་ཁོ་ན་ཡིན་པས་ང་རང་གིས་ནི་སེམས་གཏིང་ནས་ཁོང་རྣམ་པར་བཀུར་བཟོས་བྱེད་བཞིན་ཡོད། སྔོན་གྱི་མཁས་ཆེན་འགའ་རེས་ཀྱང་རྩོད་པའི་གནས་སྐབས་སུ་མཚམས་རེར་སྨྱོ་བཤད་གཟའ་བཤད་བྱས་པ་ཡོད་ན། ཚིག་རེ་ཟུང་གི་སྣེ་ལ་འཇུས་ཏེ་ཅིག་ཅིག་མཁས་པ་མ་རེད། ཉིག་ཉིག་གི་ལྟ་བ་ཆོས་དང་འགལ་འདུག་ཟེར་ན་སྙིང་པོས་སྟོང་པའི་ཡང་སྟོང་པ་ཟེར་བ་དེ་མ་རེད་དམ།
གང་ལྟར། ལྟོ་གོས་གཏམ་གསུམ་སོགས་ཅི་མི་སྙམ་པར་རྒྱབ་ཏུ་བཞག་ནས་སླེབས་རྒྱུ་མེད་པའི་བདེན་པའི་ལམ་བུ་ཞིག་ཏུ་ཁེར་རྐྱང་ངང་འཁྱམས་འཁྱམས་མཐར་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་གཅེས་ཕྲུག་ཁོ་ཤ་ཚ་བ་ལ། https://t.cn/R08xaRT

[鲜花]

སྲོད་ལ་དབྱངས་ཅན་རང་འཁོར་མ།།
མཚན་ལ་འོད་ཟེར་རང་བྱོན་མ།།
གཟུགས་མཛེས་ཡིད་འོང་མདངས་ལྡན་མ།།
སྨྲ་བསམ་བརྗོད་མེད་བཞུགས་མཛད་མ།།
ཕྱོགས་བཅུར་ཐོར་བའི་སྣང་བརྙན་དེ།།
གསང་བའི་སྒྲོམ་དུ་བཅུག་མཛད་མ།།
སྤྲིན་པའི་ཐོད་དུ་གཡུག་མཁས་མ།།
ལན་གཅིག་སྐྱེ་བ་ཐོབ་པ་བཞིན།།
སྲོག་ལ་རྒོལ་བ་ཇི་བཞིན་དུ།།
བྱོན་ཅིག་བྱོན་ཅིག་གནས་འདིར་བྱོན།།
རྨི་ལམ་ཞིང་དུ་འབྱོར་བ་བཞིན།།
སླར་ཡང་གནས་དེར་བཞུགས་པར་མཛོད།། [鲜花]

#就这一刻# https://t.cn/R2Wx1qD

འཆར་སྣང་།

བསམ་གཞིག་གི་འཆར་ཡན་ཁྲོད་དུ
རྨི་ལམ་གྱི་ཀུན་རྟོག་ཡོད་པ་ནས་བཟུང
ངས་འཇིག་རྟེན་ཏུ་སྐྱག་པ་ཚོད་མེད་བཏངས

ཉིན་སྲུབ་ལས་མཆེད་པའི་གྲིབ་སོ་དག
རི་བོའི་ཕ་རོལ་ཀྱི་རྟུག་དྲི་སྐྱུར་བོ

ཉི་ནུབ་ཏུ་རྒྱུ་བའི་སེམས་ཅན་ནི
ས་སྲོད་ཀྱི་མེ་ཏོག་སྒུམ་པའི་ཨ་ཙ་ར་གླང་ཁྲིད

ལྟས་དབང་གི་ཚོད་སྒམ་ནང
ཆ་འཇོག་མ་རྙེད་པའི་ཚེ་ན
དངོས་གནས་ཁ་བ་བབ་བྱུང་
དགུན་ཁ་སླེབ་བྱུང

2021/10/28/ཉིན་གྲོགས་པད་ལྷུན་དང་མཉམ་དུ་


发布     👍 0 举报 写留言 🖊   
✋热门推荐
  • #孕期日记##孕期好物##辣妈育儿记# 蓝宝的破壁机真心不错对于我这种新手妈妈来说破壁机是省时省力[太阳]399不到四百块的蓝宝秒杀了我九百块的九阳静音罩是非常
  • 抱在怀、暖手足,全为儿想,苦了我的娘亲!苦了我的娘亲!
  • #每日一善[超话]#[兔子]#每日一善#[兔子]#阳光信用# 【指路不吞hui ❗只hui较好or极好❗只hui本超】自由、平等、公正、法治,是社会层面的价值
  • 文昌笔的摆放有什么讲究古凡参科举考试者,或欲以文武进禄者,均拜文昌帝君,以图吉也。文昌笔为常用之旺文启智利学业之法器也,利于读书、功名及事业之运也。
  • 我们的建议是,比如调理子宫肌瘤,卵巢囊肿也常常会遇到暂时性的变大现象,但是不要害怕,正是有了这些变化,提醒我们艾灸有效果了,结节正在软坚散结,在慢慢缩小!在艾灸
  • 其实,对于普通投资者来说,想要赚钱,就必须跟庄,大家最喜欢的也是庄股。那么,有人问,这和庄家(游资,私募,超级大户,超级牛散等大资金者)坐庄有啥区别呢?
  • 经常亲密合作的那位,理了短发,好像攒了些新冠肥在身上;身材高挑的阳光帅哥组长,更加沉稳了;同组的业余消防员大叔,活蹦乱跳一个户外运动爱好者,业余滑雪场救生员,
  • #财经# #财经达人说#【新余美福景投资李志华无从业资格被监管,曾任华夏典藏《鉴宝》总经理,溢价11.59倍卖资产】9月25日,江西证监局公告称,作出对新余美福
  • 一辆兰博基尼正在向你开来车主@指纹溺 划忙吒1符4迷6黛6兔6⚡兜风席⚡1⃣️@阿JAMJAMlove 布雷吒1套67就来 ❌吒3墨22⃣️@Rainysev
  • ”可能我们一辈子都需要努力地跟这个世界和解,无论是20岁,30岁,40岁……我们可能都无法如愿地成为帅气的大人,但是祝大家都能收集到每天5分钟的快乐[心]#我的
  • 今年是我在大学过的第一个520,不出意外那就是是和室友一起过的啦,但今天也让我感受到所谓的仪式感吧,收到了班上男同学送给班上同学每人一朵的玫瑰花,真的有被花花心
  • 您总是笑着说:“把那地给人家也没有多大事啊,您是愿意您的孩子在家里种田地好些,还是在外上班好些啊!”最对不住的是您在病魔的折磨中,我没有好好的多陪您坐一会儿。
  •   海州区的世纪凤凰城项目位于连云港市主城区地段,周边配套有吾悦广场、海州高中、妇幼保健院、连云港市新浦实验小学等,生活便利,而周边在售高层项目房价均在1000
  • 罗浮山记 ——钟旭 2020.5.4 时维五月,序属春夏之交。值五卅百年之际,逢劳动与青年双节,领导抚员工工作之辛苦,扬自强不息、艰苦奋斗中华之美德;传诚信创新
  • 虽然一段感情的结束,问题肯定是双方的,但相对来说张继科的面问题更多一些,奸门有痣,鼻梁起节,多层眼皮,性格自我,脾气大,固执倔强,而且配上常年的卧蚕发黑,年纪不
  • 这次是樱花味和乌龙两种味道,我觉得樱花味的最好喝,上次边挖品边干了一杯[二哈]放在家里平时过节聚会啥的跟姐妹小酌一下,简直不要太快乐呀这次还送一个樱花杯喜欢调酒
  • 重要的是,刘亦菲和陈晓的cp感真不是一般的强,预告中两人互表心意过后一场亲密戏直接把大家给拿捏了,恨不得鹅厂再出“超点”。而且陈晓也能够做到眼神有戏,面对暧昧期
  • 故九万里,则风斯在下矣,而后乃今培风;背负青天而莫之夭阏者,而后乃今将图南。故九万里,则风斯在下矣,而后乃今培风;背负青天而莫之夭阏者,而后乃今将图南。
  • #板写接单##板写约字##板写ID##剑三水印##天刀约稿##板写水印##剑三id##天刀水印##板写客单##课外侦探组[超话]#27和28是相邻的两本,虽然都
  • 什么样的女命婚姻易幸福美满:第一,官星合身官星在女子命格中代表着自己的老公,如果日支坐下为官星无冲克的话,那么这类女生能够拥有美满幸福的婚姻,老公是属于非常黏人